100468
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ལུགས་ལ་ཐུན་མོང་མ་ཡིན་པ་ཡན་ལག་གི་དམ་ཚིག་ཉེར་ལྔའི་ནས་གསེས། སྤྱད་པར་བྱ་བའི་དམ་ཚིག་ལྔའི་ཡ་གྱལ་ཞིག་ཡིན། དེ་ཡང་སྐབས་འདིར་རྫུན་དུ་སྨྲ་བའི་དམ་ཚིག་བསྲུང་ཞིང་སྤྱད་པ་ལ་སྐྱེ་བོ་ཐ་མལ་པས་ཉོན་མོངས་པའི་གཞན་དབང་གིས་རྫུན་དུ་སྨྲ་ཞིང་སྤྱོད་པ་ལྟ་བུ་མ་ཡིན་ཏེ། ཐེག་ཆེན་གསང་སྔགས་ལུགས་ཀྱི་ལྟ་སྒོམ་གྱི་རྟོགས་པའི་གདེངས་དང་ལྡན་པའི་གང་ཟག་གིས་བསྟན་དང་འགྲོ་བར་ཕན་པའི་ཐབས་སུ་རྫུན་དུ་སྨྲ་ཞིང་སྤྱོད་པའི་གཞན་དོན་གྱི་ངག་གི་སྤྱོད་པ་ཞིག་གོ ། དེ་ལ་ཡང་གང་གིས་རྫུན་དུ་སྨྲ་བ་དང་། གང་ལ་རྫུན་དུ་སྨྲ་བ་གཉིས་ལས། དང་པོ་རྫུན་དུ་སྨྲ་བའི་གང་ཟག་གི་ངོ་བོ་ནི། འགུ་ཡ་ལས། ལྟོས་པས་རྫུན་དུ་སྣང་བ་ནི། །དཔེར་ན་ཕར་ཀ་ཚུར་ཀ་དང། །རིང་ཐུང་ལྟོས་ན་གཅིག་རྫུན་ལྟར། །ཐེག་པ་གོང་མ་གོང་མ་ལ། །ལྟོས་ན་འོག་མ་འོག་མ་ཡི། །ལྟ་བ་རྣམས་ནི་རྫུན་དུ་འགྱུར། །དངོས་པོ་འདི་ཉིད་ཁོ་ན་ལ། །རིག་པ་སྒྱུ་མ་རྫུན་དུ་ཤེས། །སྣོད་བཅུད་ངོ་བོ་ཉིད་ཀྱིས་ནི། །བསྡུས་པས་དངོས་པོའི་ངོ་བོ་ཉིད། །དེ་ཡིས་རྫུན་དུ་སྣང་བའོ། །མི་བདེན་རྫུན་པ་དེ་ཉིད་ལ། །རྫུན་པ་ཉིད་དུ་རྟོགས་པ་ཡིས། །ཀུན་རྫོབ་ནུས་པས་གཙང་སྨེ་དང་། །ངོ་ཚ་མེད་པར་སྦྱོར་བའི་ཐབས། །ཤེས་པ་ཙམ་དུ་མི་བདེན་པ། །དེའི་རྗེས་སུ་སྤྱོད་པ་རྫུན། །དོན་དེ་ཤེས་ན་རིག་པ་ཉིད། །རྫུན་དུ་སྨྲ་བ་སྐྱེས་བུའི་ཡུལ། །ཞེས་སོ། གཉིས་པ་གང་ལ་རྫུན་དུ་སྨྲ་བའི་ཡུལ་ནི། འགུ་ཡ་ལས། གང་ལ་རྫུན་དུ་སྨྲ་བ་ནི། །གཡུང་དྲུང་བོན་ལ་གནོད་པ་རུ། །འོང་བ་དག་ལ་རྫུན་དུ་སྨྲ། །ལོག་པའི་རྫུན་ཡང་རུང་བ་སྟེ། །དཔེར་ན་ལག་དམར་མི་ཤ་བྲོས། །བདས་ནས་སོང་ངམ་འདྲི་འགྱུར་ན། །རྫུན་དུ་སྨྲས་པར་མི་འགའ་ལོ། །དེ་བཞིན་སེམས་ཅན་རྣམས་ལ་ཡང། །གནོད་པ་བྱེད་ལ་རྫུན་དུ་སྨྲ། །ཞེས་པས། དེ་ཡང་སངས་རྒྱས་ཀྱི་བསྟན་པའམ་གཡུང་དྲུང་གི་བོན་ལ་ལོག་པར་རྟོག་པ་དང་སྒྲོ་སྐུར་ལ་སོགས་ཀྱི་སྒོ་ནས་གནོད་པར་བྱེད་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཚེ་བར་བྱེད་པ་གང་དག་རྣམས་སོ། །དགོས་པ་ནི། དེ་དག་འདུལ་བའི་ཐབས་སུ་རྫུན་དུ་སྨྲ་བ་སོགས་གང་འདུལ་གྱི་ཐབས་ཅི་རིགས་ཏེ་གཞན་དོན་གྱི་སྤྱོད་པའོ། །གཞན་ཡང་གང་ཟག་གང་ཞིག་གིས་ལོག་པའི་ལས་སྲོག་གཅོད་ལ་སོགས་ཀྱི་ལས་བསགས་པ་ལ། གཞན་གྱིས་ལག་དམར་དེར་ཤ་ལན་གྱི་དོན་དུ་རྗེས་འདེད་བཙལ་ནས་ཡོང་སྐབས་སུ་རང་ལ་མཐོང་ཐོས་སོགས་འདྲི་ན། རང་གིས་གར་ཡོད་ཤེས་ཀྱང་གནས་སྐབས་སུ་གཞན་སྲོག་ཉེན་ལས་བསྐྱབ་པའི་ཕྱིར་དུ་མ་ཤེས་ཞེས་རྫུན་དུ་སྨྲས་ཀྱང་རྫུན་སྡོམ་སོགས་ལ་འགལ་བར་མི་འགྱུར་བར་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྤྱད་པར་བྱ་བ་རྫུན་དུ་སྨྲ་བའི་དམ་ཚིག་
|; |@@@ | | }}