100475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་ (1)
Part of speech མིང་ཚིག
Definition མིག
Example ཁོང་གིས་ང་ལ་སྤྱན་གྱིས་གཟིགས་བྱུང། བླ་མའི་སྤྱན་ལྟ་བུ།
Type ཞེ་ས།
སྤྱན་ (2)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་གི་བདག་རྐྱེན་དུ་གྱུར་པའི་དངོས་གཞིའི་སེམས་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བས་རབ་ཏུ་ཕྱེ་བའི་མཁྱེན་པའོ། །དེ་ལ་དབྱེ་ན། ཤའི་སྤྱན། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔ། ས་མཚམས། དང་པོ་ཚོགས་ལམ། གཉིས་པ་སྦྱོར་ལམ། གསུམ་པ་མཐོང་ལམ་མཉམ་བཞག །བཞི་པ་མཐོང་ལམ་རྗེས་ཐོབ། ལྔ་པ་ས་བརྒྱད་པ་ནས་རྗེས་མཐུན་པ་ཡོད་ལ། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དོ། །
Domain ཆོས་ལུགས།
སྤྱན་ (3)
Part of speech མིང་ཚིག
Definition རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་རྫུ་འཕྲུལ་གྱི་རྐང་པའི་ཏིང་ངེ་འཛིན་ལས་བྱུང་ཞིང༌། ཐ་མལ་པའི་དབང་པོའི་མངོན་སུམ་གྱི་ཡུལ་ལས་འདས་པའི་རང་ཡུལ་མངོན་སུམ་གྱིས་རྟོགས་པའི་རིག་པར་དམིགས་པ། དེ་ལ་དབྱེ་ན། ཤའི་སྤྱན། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན། ཤེས་རབ་ཀྱི་སྤྱན། ཆོས་ཀྱི་སྤྱན། སངས་རྒྱས་ཀྱི་སྤྱན་དང་ལྔ། སྤྱན་ལྔ་དང་ལྡན་པའི་སྟོབས་ཀྱིས་སྒྲུབ་པ་རང་དབང་དུ་འཇུག་ཚུལ། ལྔ་པོ་དེ་ལ་སྒྲུབ་པ་ལ་རང་དབང་དུ་འཇུག་པའི་རྒྱུ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ལྔ་པོ་དེ་དང་ལྡན་པའི་སྟོབས་ཀྱིས་གཞན་གྱིས་བསྐུལ་མི་དགོས་པར་སྒྲུབ་པ་ལ་རང་དབང་དུ་འཇུག་པར་འགྱུར་བའི་ཕྱིར། དེ་ཡང་ཡིན་ཏེ། དང་པོ་དེ་དང་ལྡན་པའི་སྟོབས་ཀྱིས་རང་ཉིད་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དང༌། རང་གི་གདུལ་བྱ་གང་ན་གནས་པ་སོགས་ཤེས་པའི་སྒོ་ནས་གདུལ་བྱའི་དོན་སྒྲུབ་པ་ལ་འཇུག་ཅིང༌། གཉིས་པ་དེ་དང་ལྡན་པའི་སྟོབས་ཀྱིས་རང་གི་གདུལ་བྱ་གང་ནས་ཤི་འཕོས་གང་དུ་སྐྱེ་བ་སོགས་ཤེས་པའི་སྒོ་ནས་དང༌། གསུམ་པ་དེ་དང་ལྡན་པའི་སྒོ་ནས་བསྟན་བྱའི་དོན་བདག་མེད་ཕྲ་རགས་ཅི་རིགས་པ་མངོན་སུམ་གྱིས་རྟོགས་པའི་སྒོ་ནས་དང༌། བཞི་པ་དེ་དང་ལྡན་པའི་སྟོབས་ཀྱིས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོའི་རིམ་པ་མངོན་སུམ་གྱིས་ཤེས་པའི་སྒོ་ནས་གདུལ་བྱའི་དོན་སྒྲུབ་པ་ལ་འཇུག་པར་བྱེད་ཅིང༌། དེ་དག་གི་སྟོབས་ཀྱིས་ལྔ་པ་དེ་རང་རྒྱུད་ལ་ཐོབ་པར་འགྱུར་བའི་ཕྱིར་རོ།།