100480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་གཟིགས་རྟག་ངུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་མང་བ་དང༌། ལོ་མ་སེར་སྐྱ་ཅུང་སྒོར་ལ་མཐུག་པ་རྩེ་རྣོ་བ་སྤུ་དཀར་ཐུང་ངུ་ཐར་ཐོར་ཡོད་པ། སྡོང་པོ་ཆིག་སྐྱེས་ཕྲ་ལ་འདྲོང་བ་མཐོ་གང་ཙམ་པ་ཡོད་པའི་རྩེར་མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པ་འདབ་མར་གསེར་ཐིག་ཡོད་པ་གཉིས་གསུམ་མགོ་སྦྲེལ་ནས་འཆར་ལ་འབྱར་བག་ཅུང་ཟད་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་སྤང་རི་དང༌། རྫ་རིའི་སྤང་སོགས་སུ་སྐྱེ་བ་མང་། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར། ནུས་པ་སྙོམས་པས་ལུས་སྟོབས་ཉམས་པ་དང༌། མིག་སོགས་དབང་པོ་མི་གསལ་བར་ཕན་པ་ཡིན།

{{#arraymap:སྤྱན་གཟིགས་རྟག་ངུ་

|; |@@@ | | }}