100490

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་དབྱེ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཁམས་གསུམ་སེམས་ཅན་རྣམས་ལ་མ་རིག་པའི་མུན་པས་གཡོགས་པའི་ཡེ་ཤེས་ཀྱི་སྤྱན་འབྱེད་པའི་བརྡ་རུ་མཚོན་ཏེ། དེ་ལའང་འབྱེད་ཐབས་རྣམ་པ་བཞི་སྟེ། ཏིང་འཛིན་གྱིས་དམིགས་པ་བསྐྱེད་པ་དང་། སྙིང་པོོས་བྱིན་གྱིས་རླབས་པ་དང་། ཕྱག་རྒྱས་ལྷའི་བརྡ་མཚོན་པ་དང་། རྫས་ཀྱིས་སྤྱན་དབྱེ་བ་དང་བཞིའོ། ། རྫས་ལའང་བཞི་སྟེ། མར་མེ། མེ་ལོང་། ཙག་པད། འཕྲུལ་གྱི་ཡི་གེའོ། ། དེ་དག་གི་བྱེད་ལས་སམ་མཚོན་དོན་ནི། ཞི་བ་གཡུང་དྲུང་ཡོངས་རྫོགས་ལས། སྣང་གསལ་སྒྲོན་མེས་མ་རིག་མུན་པ་སེལ། །འཕྲུལ་གྱི་མེ་ལོང་མ་མཐོང་ལྟ་བའི་དཔེ། །གསེར་གྱི་གཙག་བུས་རྟོག་པའི་དྲ་བ་དབྲལ། །འཕྲུལ་གྱི་ཡི་གེས་ལྐུགས་པ་ཁ་འབྱེད་དོ། །ཞེས་པས་སྣང་གསལ་སྒྲོན་མེའམ་མར་མེས་མཚན་གྱི་མུན་པ་སོགས་སེལ་བར་བྱེད་པས་འདིར་ཡང་དོན་དུ་སེམས་ཅན་རྣམས་ལས་འབྲས་དང་གནས་ལུགས་ཀྱི་དོན་སོགས་ལ་རྨོངས་པའི་མ་རིག་པ་བསལ་ནས་ཡེ་ཤེས་ལྷའི་སྤྱན་དང་འཕྲད་པའི་བརྡ་རུ་གོ་ལ། འཕྲུལ་གྱི་མེ་ལོང་གིས་ཀྱང་སྔར་མ་མཐོང་བའི་རང་གི་བྱད་སོགས་མཐོང་བར་བྱེད་པས་འདིར་ཡང་སེམས་ཅན་ཐ་མལ་བ་རྣམས་ཀྱིས་སྔར་མཐོང་མྱོང་མེད་པའི་ཡང་དག་གནས་ལུགས་ཀྱི་དོན་སོགས་མཐོང་བར་བྱེད་པའི་བརྡ་དང་རྟེན་འབྲེལ་ལ་གོ ། གསེར་གྱི་གཙག་བུས་ཀྱང་ཅ་དངོས་ལ་གཡོགས་པའི་པགས་པ་དང་ཐུམ་སོགས་དབྲལ་ནས་མཐོང་བར་བྱེད་པས་འདིར་ཡང་སེམས་ཅན་རྣམས་ལ་རྣམ་རྟོག་གཟུང་འཛིན་གྱི་རྨོངས་རྒྱ་དབྲལ་ནས་མུ་མེད་མཐའ་བྲལ་གྱི་དོན་མངོན་དུ་བྱེད་པའི་བརྡ་རུ་མཚོན་ནོ། ། འཕྲུལ་གྱི་ཡི་གེས་ཀྱང་ལས་འབྲས་དང་ཡང་དག་པའི་གནས་ལུགས་ཀྱི་དོན་སོགས་ཉན་བཤད་དང་གོ་རྟོགས་མེད་པ་ལྐུགས་པའི་ངང་ཚུལ་འཛིན་པའི་འགྲོ་བ་ཐ་མལ་བ་རྣམས་ལ་དེ་དག་གི་དོན་ལ་ཐོས་བསམ་འཆད་ཉན་གྱི་གོ་རྟོགས་ལྡན་པའི་སྨྲ་བའི་ཞལ་བརྒྱ་འབྱེད་པའི་བརྡ་དོན་རྟེན་འབྲེལ་དུ་གོ་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:སྤྱན་དབྱེ་

|; |@@@ | | }}