100520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་རས་གཟིགས་ཀྱི་དབང་ཆོག་ཐུགས་རྗེའི་འབྱུང་གནས་ (1)
Part of speech མིང་ཚིག
Definition ཇོ་ནང་། སྔགས་ཀྱི་ཆོ་གའི་སྐོར། མཚན་རྒྱས་པར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་དབང་གི་ཆོ་ག་ཐུགས་རྗེའི་འབྱུང་གནས། ཞེས་གསོལ་ཞིང། ཤོག་ལྡེབ་གྲངས་ཉེར་བཞི་བཞུགས། མཛད་པ་པོ་ཇོ་ནང་བླ་མ་གཉག་ཕུ་བ་བསོད་ནམས་བཟང་པོ་ཡིན། གཞུང་ཁུངས་ནི། མཇུག་རྩོམ་དུ། རིགས་གསུམ་སྤྱི་རྒྱུད་དང་། ལེགས་གྲུབ་དང། ཆོ་ག་ཞིབ་མོ་དང་། དགེ་སློང་མ་དཔལ་མོ་རང་གི་རྒྱ་གཞུང་དང་། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དུ་ཞེས་པས་གསལ་ལ། མཛད་པའི་ཡུལ་ནི་དཔལ་མཚལ་མིན་གྱི་གཙུག་ལག་ཁང་དང། མཛད་པའི་དུས་ཚིགས་གསལ་བོར་མ་ངེས་སོ། །
Domain ཆོས་ལུགས།

{{#arraymap:སྤྱན་རས་གཟིགས་ཀྱི་དབང་ཆོག་ཐུགས་རྗེའི་འབྱུང་གནས་

|; |@@@ | | }}