10054

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། འདི་ལྟར་ཆོས་ཐམས་ཅད་མི་བརྗེད་པར་འཛིན་པའི་ཕྱིར་ཐོས་པའི་གཟུངས། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རབ་ཏུ་འབྱེད་པའི་ཕྱིར་ཆོས་ཁོང་དུ་ཆུད་པའི་གཟུངས། ཆོས་ཀྱི་རང་བཞིན་རྗེས་སུ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་ངེས་པར་རྟོགས་པའི་གཟུངས། སངས་རྒྱས་ཆོས་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཕྱིར་ཆོས་སྣང་བ་རབ་ཏུ་འཐོབ་པའི་གཟུངས། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་མངོན་དུ་ཐོས་པ་ཡོངས་སུ་མི་ཟད་པའི་ཕྱིར་ཏིང་ངེ་འཛིན་གྱི་གཟུངས། སྒྲ་སྐད་དང་། ཐ་སྙད་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཕྱིར་དབྱངས་ཀྱི་དཀྱིལ་འཁོར་ལ་འཇུག་པའི་གཟུངས། འདས་པ་དང་། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཤིན་ཏུ་སྟོན་པའི་ཕྱིར་དུས་གསུམ་གྱི་གཟུངས། སངས་རྒྱས་ཀྱི་ཆོས་མཐའ་དང་དབུས་མེད་པ་རྣམ་པ་ཐ་དད་པ་ཐམས་ཅད་ཤིན་ཏུ་སྟོན་པའི་ཕྱིར་རྣམ་པ་སྣ་ཚོགས་སུ་སྤོབས་པའི་གཟུངས། སངས་རྒྱས་བྱུང་བ་བརྗོད་དུ་མེད་པ་ཐམས་ཅད་དུ་རྣ་བའི་དབང་པོས་ཁྱབ་པར་བྱེད་པའི་ཕྱིར་ཐོགས་པ་མེད་པའི་རྣ་བ་མངོན་པར་བསྒྲུབ་པའི་གཟུངས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་བསྙེངས་པ་ལ་རབ་ཏུ་འགོད་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཟུངས་སོ། །
Domain ཆོས་ལུགས།

{{#arraymap:གཟུངས་བཅུ་

|; |@@@ | | }}

གཟུངས་བཅུ་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། དོན་གྱི་གཟུངས། གཞུང་གི་གཟུངས། མངོན་ཤེས་ཀྱི་གཟུངས། འོད་ཟེར་རྣམ་པར་འབྱེད་པའི་གཟུངས། ཕ་རོལ་རྒོལ་བ་ཚར་གཅོད་པའི་གཟུངས། དེ་བཞིན་གཤེགས་པའི་མཆོད་པ་དང་དབུལ་པོ་སེམས་ཅན་རྗེས་སུ་བསྒྲུབ་པ་ཉེ་བར་སྒྲུབ་པའི་གཟུངས། ཐེག་པ་ཆེན་པོ་ལ་གཞོལ་བའི་སེམས་ཅན་ཡང་དག་པར་གཟེངས་བསྟོད་པའི་གཟུངས། མ་ཆགས་པའི་སྨོན་ལམ་གྱི་གཟུངས། སྤོབས་པ་མི་ཟད་པའི་གཟུངས། དོན་སྣ་ཚོགས་པའི་སྤོབས་པའི་གཟུངས་སོ། །

{{#arraymap:གཟུངས་བཅུ་

|; |@@@ | | }}