100550

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་སྔ་དཔལ་ལྡན་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཆུ་ཕག་ཕྱི་ལོ ༡༣༨༣ ལོར་ཡབ་བདག་པོ་ཤཱཀྱ་རིན་ཆེན་དང་། ཡུམ་ཟི་ན་རིན་ཆེན་འཛོམས་པ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་སྤྱན་སྔ་གྲགས་པ་བྱང་ཆུབ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ལ་དཔལ་ལྡན་བཟང་པོ་ཞེས་གསོལ། དགུ་པར་བརྟག་གཉིས་ཀྱི་སློབ་གཉེར་མཛད། བཅུ་པར་སྤྱན་སྔ་ཀུན་སྤངས་པ་ལས་ཆོས་ཁྲིད་གསན། མཁན་ཆེན་གྲགས་པ་རྡོ་རྗེ་དང་། སློབ་དཔོན་ཞི་བ་དཔལ་གཉིས་ལས་རབ་ཏུ་བྱུང་། མཚན་ལ་གྲགས་པ་བློ་གྲོས་ཞེས་གསོལ། བླ་མ་ཆོས་དཔལ་ཤེས་རབ་ཀྱིས་ཆོས་སྒོ་ཕྱེས། བཅུ་བཞི་པར་རྩེད་ཐང་དུ་བརྟག་གཉིས་གསུངས། ཉེར་གཅིག་པར་མཚམས་བཅད་དཔོན་པོ་མཛད། ཉེར་གཉིས་པར་མཁན་ཆེན་སང་བློ་བ་དང་། མཁན་ཆེན་རྒྱལ་བཟང་པས་ལས་སློབ། མཁན་ཆེན་དཀའ་བཅུ་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཉེར་གསུམ་པ་རབ་བྱུང་བདུན་པའི་ཤིང་བྱ་ཕྱི་ལོ ༡༤༠༥ ལོར་ཕག་གྲུའི་གདན་ས་སྤྱན་སྔའི་གོ་སར་ཕེབས། བླ་ཆེན་རིན་གཞོན་པ་ལས་བཀའ་བརྒྱུད་ཀྱི་གདམས་པ་མ་ལུས་གསན། གདན་ས་ལོ་གཉིས་རིང་བསྐྱངས། ཉེར་དགུ་པ་རབ་བྱུང་བདུན་པའི་མེ་ཕག་ཕྱི་ལོ ༡༤༠༧ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་བཅུ་གཉིས་པ་ཡིན། མཚན་གཞན། ཕག་གྲུ་དཔལ་ལྡན་བཟང་པོ།

{{#arraymap:སྤྱན་སྔ་དཔལ་ལྡན་བཟང་པོ་

|; |@@@ | | }}