100553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་སྔ་བ་ཚུལ་ཁྲིམས་འབར་ (1)
Part of speech མིང་ཚིག
Definition བཀའ་གདམས་སྐུ་མཆེད་གསུམ་གྱི་ཡ་གྱལ། འདི་ཉིད་ཡབ་དབས་ཤཱཀྱ་རྡོ་རྗེ་དང་ཡུམ་ལི་མོ་ཡེ་ཤེས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་སྟག་ཕྱི་ལོ་ ༡༠༣༨ ལོར་ཉན་གྱི་སྣང་ར་སྒང་དུ་སྐུ་འཁྲུངས། ཆུང་ངུ་ནས་སྟོད་ལུང་དུ་མལ་ཤེས་རབ་སེམས་དཔའ་ལ་རབ་ཏུ་བྱུང༌། དད་པ་ཡང་ཆེ་བར་ཡོད་པས། མལ་ན་རེ། ཁྱོད་ཅི་ནས་ཀྱང་ཆོས་བྱེད་ན་རྭ་སྒྲེང་དུ་འབྲོམ་གྱི་སར་སོང་ཟེར་བས། དགུང་ལོ་ཉི་ཤུ་པར་རྭ་སྒྲེང་དུ་བྱོན། འབྲོམ་གྱིས་འདི་ཉིད་སྔགས་ཀྱི་གདམས་པ་ཡང་མང་དུ་གནང་བས་སྤྱན་སྔ་བར་མཚན་ཐོགས། རྣལ་འབྱོར་ཆེན་པོའང་བསྟེན་ནས་བདེན་གཉིས་ཀྱི་ཁྲིད་ཀྱིས་ཆོས་ཀྱི་བདག་མེད་ཕྲ་མོ་ལ་འཁྲིད་པར་མཛད་དེ། བཀའ་གདམས་པའི་ནང་གསེས་གདམས་ངག་པའི་སྲོལ་གཏོད། གསང་སྔགས་འཆིང་བ་དང་སྒོམ་སྒྲུབ་ལའང་གནད་ཆེར་མནོས། བཀའ་གདམས་པའི་བསྟན་པ་རྒྱས་པར་མཛད། འདི་ཉིད་ལོ་ཙཱ་ལ་མཁས་ཤིང༌། ཤམ་ཐབས་ལ་ཀོ་བའི་ལྷན་པོ་མང་པོ་བཏབ་པས་ཀོ་ཤམ་པར་ཡང་གྲགས། མཐར་དགུང་ལོ་དྲུག་ཅུ་རྩ་དྲུག་པ་རབ་བྱུང་གཉིས་པའི་ཆུ་ལུག་ཕྱི་ལོ་ ༡༡༠༣ལོར་སྐུ་གཤེགས། སློབ་མ་ཡང་འུ་ཡུག་པ་ཨ་མི། རྒྱ་རྩེ་སྒྲོ་བ། སྐུ་བསྲུངས་སྟོན་པ། ཀླུངས་ཤོད་རལ་པ། འདུལ་འཛིན་ས་ལ་གུར་སྟོན་པ། འཚེར་སྟོན། ཐང་འདུལ། འབྲོམ་འདུལ་བཞི། ཟར་བའི་ཕག་སྒོམ། ཆེད་ཆེར་བ་གཡེ་སྒོམ་པ། རུག་པའི་རྒྱ་སྒོམ། མང་ར་སྒོམ་པ། ཟར་པ་ཇོ་བཙུན། སྟོད་ལུང་པ་ཆེན་པོ། བྱ་ཡུལ་བ་ཆེན་པོ་སོགས་མང་ངོ༌། །

{{#arraymap:སྤྱན་སྔ་བ་ཚུལ་ཁྲིམས་འབར་

|; |@@@ | | }}