100555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱན་སྔ་བསོད་ནམས་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༣༨༠ ལོར་སྐུ་འཁྲུངས། རབ་བྱུང་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༡༤༡༦ ལོར་སྐུ་གཤེགས། སྤྱན་སྔ་གྲགས་པ་བྱང་ཆུབ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། སྤྱན་སྔ་བསོད་ནམས་གྲགས་པ་ལས་ཆོས་ཁྲིད་མང་དུ་ཞུས། མཁན་ཆེན་གྲགས་པ་རྡོ་རྗེ་དང། སློབ་དཔོན་ཚུལ་ཁྲིམས་རྒྱལ་བ་ལས་རབ་བྱུང་བསྒྲུབས། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ་ལས་བརྡ་བཞིའི་དབང་རྣམས་ཞུས། བརྟག་གཉིས་ལ་གསན་སྦྱངས་ལེགས་པར་མཛད། རྩེད་ཐང་དུ་བརྟག་གཉིས་གསུངས། རྗེ་བློ་བཟང་གྲགས་པ་དང་། མཁན་ཆེན་བསོད་ནམས་བཟང་པོ་གཉིས་ལས་དབང་རྒྱུད་མན་ངག་མང་དུ་ཞུས། ཉེར་དགུ་པར་རབ་བྱུང་བདུན་པའི་ས་བྱི་ཕྱི་ལོ་ ༡༤༠༨ ལོར་ཕག་གྲུའི་གདན་ས་སྤྱན་སྔའི་གོ་སར་ཕེབས། བླ་ཆེན་རིན་གཞོན་པ་ལས་བཀའ་བརྒྱུད་ཀྱི་གདམས་པ་རྣམས་གསན། སུམ་ཅུ་པར་རྗེ་བློ་བཟང་གྲགས་པ་དང་། མཁན་ཆེན་རྒྱལ་བ་བཟང་པོ། གསང་སྟོན་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་དེ། བཀྲ་ཤིས་དོ་ཁར་བསྙེན་པར་རྫོགས། གདན་ས་ལོ་དགུའི་རིང་འགན་ཁུར། སོ་བདུན་པ་རབ་བྱུང་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༡༤༡༦ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་བཅུ་གསུམ་པ་ཡིན། མཚན་གཞན། ཕག་གྲུ་བསོད་ནམས་བཟང་པོ།

{{#arraymap:སྤྱན་སྔ་བསོད་ནམས་བཟང་པོ་

|; |@@@ | | }}