100566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཁྱབ་མཁན་པོ་ (1)
Part of speech མིང་ཚིག
Definition སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་གསར་དུ་བསྐོ་བཞག་གནང་བ་ནས་བཟུང་བྱུང་བ་ཞིག་ཡིན་ཅིང་། སྐུ་བཅར་སྤྱི་ཁྱབ་མཁན་པོ་ཞེས་རྒྱལ་དབང་མཆོག་གི་སྐུ་མདུན་དུ་གཏན་སྡོད་ཀྱིས་ལས་དོན་ཆེ་ཕྲ་གང་ཅིར་ཏཱ་ལའི་བླ་མར་གཞོགས་འདེགས་ཞུ་བ་དང་སྐུ་སྒེར་གྱི་ཕྱག་རྫས་ཚང་མར་དོ་དམ་བྱེད་མཁན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཕྱག་མཛོད་ལྟ་བུ་ཞིག་ཡིན་ལ། ཆབ་སྲིད་ཐོག་ཀྱང་རྩེ་ཡིག་ཚང་ལས་ཁུངས་དང༌། རྩེ་འགག རྣམ་གན་དང༌། མཛོད་སྦུག མཛོད་ཆུང༌། ཞོལ་ཆིབས་ར་བཅས་ལ་ཕྱོགས་ཡོངས་ནས་འགོ་འདོམས་བྱེད་པའི་ཐོག་ལས་དོན་གལ་ཆེའི་སྐབས་བཀའ་ཤག་དང་མཉམ་ཚོགས་བྱེད་དབང་ཡང་ཡོད། ད་དུང་མཁན་ཁོངས་ཞེས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གཞུང་ཁང་ཁག་དང༌། གཞུང་གླིང་གཞིས་ཁག སྒེར་ཆོས་ཁོངས་ཀྱི་ཁྲལ་མི་མཛོད་སྦུག་ཏུ་སྐྱབས་བཅོལ་ཞུས་རིགས་ཀྱི་མི་རྩ་སོགས་ལ་བདག་གཉེར་བཅས་བྱེད་ཀྱི་ཡོད། སྤྱི་མཁན་གྱི་ལས་དོན་བྱ་ཡུལ་གྱི་སྒེར་ཤག རྩེ་ཕོ་བྲང་ཤར་རྒྱུད་བཅོ་བརྒྱད་སྐས་འཛེགས་ཀྱི་འགོར་སྒོ་ནུབ་ལྟའི་ནང་ཡོད་པ་དང༌། ནོར་གླིང་དུའང་སྒེར་ཤག་ཡོད། སྤྱི་མཁན་གྱི་ལས་དོན་མང་ཆེ་བ་རང་ཉིད་ཀྱི་སྒེར་ཤག་ཏུ་སྒྲུབ་ཀྱི་ཡོད་པས་སྒེར་བཙུགས་ཕྱག་མཛོད་གཅིག་དང༌། དྲུང་ཡིག་གཅིག ལྕང་གཅོད་དོ་དམ་རྩེ་དྲུང་གཅིག་བཅས་ཡོད། སྒེར་གྱི་ཕྱག་མཛོད་ལ་སྲིད་འཛིན་གྱི་གོ་གནས་གང་ཡང་མེད་ཀྱང་དབང་ཆ་མི་ཉུང་བ་ཡོད་པས་རྩེ་ཤོད་དྲུང་དཀྱུས་དང༌། ཕྱག་ནང་ཕལ་ཆེ་བས་ཞྭ་འབུད་གཟན་སྐྱུར་སོགས་གུས་ཞབས་གང་ལེགས་བྱེད་དགོས་པ་ཡིན།
Domain འཛིན་སྐྱོང་།

{{#arraymap:སྤྱི་ཁྱབ་མཁན་པོ་

|; |@@@ | | }}