From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤྱི་གསང་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། སྤྱི་གསང་བཞི་ནི་གསང་བ་མི་བསྒྲག་པའི་དམ་ཚིག་གི་ཡ་གྱལ་ཏེ། དཀོན་ཅོག་འགྲེལ་ལས། དེ་ལ་སྤྱི་གསང་བཞིར་གྲགས་པའི་ཚོགས་ཀྱི་དཀྱིལ་འཁོར་དུ་ཚུལ་བཞིན་དུ་བསྒྲུབ་པ་གསང་བའི་ཕྱིར། ཚོགས་ཀྱི་རྡོ་རྗེ་སློབ་དཔོན་གསང་། འདུ་བའི་མཆེད་དང་ལྕམ་དྲལ་གསང། འདུ་བའི་གནས་གསང་། འདུ་བའི་དུས་གསང་། ཞེས་གསུངས་པའང་ཚོགས་ཀྱི་དཀྱིལ་འཁོར་གསང་བ་ལ་སྤྱོད་པའི་ཡུལ་དང་དུས་ཀྱིས་ཕྱེ་བ་ཡིན་ཏེ། བསྒྲགས་པ་ལ་སྤྱོད་པས་ཕྱེ་བ་ནི་མ་ཡིན་ནོ། །ཞེས་གསུངས་ལ།
|
| Domain
|
ཆོས་ལུགས།
|
སྤྱི་གསང་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་བཅུའི་མུན་སེལ་ལས། དེའང་ལྟ་བ་ཟབ་མོ། སྤྱོད་པ་བརླང་པོ། ལྷའི་མིང་གཟུངས། གྲུབ་པའི་རྟགས་ཏེ་སྤྱིར་གསང་བཞི། ཞེས་གསུངས་སོ། །
|