100588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཏི་ཡོ་ག་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སྤྱི་ཏི་ཡོ་ག་ནི། མན་ངག་རྫོགས་པ་ཆེན་པོ་ལ་ནང་གསེས་སུ་ཨ་ཏི་ཡང་ཏི་སྤྱི་ཏི་གསུམ་དུ་ཕྱེས་པའི་སྤྱི་ཏི་ཡོ་ག་སྟེ། ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་ཞིང་། ཐེག་པ་འོག་མ་དག་ལས་ལྟ་སྒོམ་སྤྱོད་འབྲས་བཞིས་མཆོག་ཏུ་འཕགས་ཏེ། རྟེན་མེད་ཀྱི་ལྟ་བ། རྟོག་མེད་ཀྱི་སྒོམ་པ། ཞེན་མེད་ཀྱི་སྤྱོད་པ། རེ་མེད་རང་གནས་ཀྱི་འབྲས་བུ་དང་བཞིས་མཆོག་ཏུ་གྱུར་པའོ། །ཉི་ཟླ་འབར་བའི་སྒྲོན་མ་ལས། ཐེག་པ་རིམ་པ་དགུའི་ཞེ་འདོད་དང་རྩོལ་སྒྲུབ་རྣམས་འདུལ་བའི་མཆོག་ནི་རྫོགས་པ་ཆེན་པོ་ཐོད་རྒལ་དགུ་རྩེ་སྤྱི་ཕུད་སྤྱི་རྗེ་སྤྱི་ཏི་ཡོ་གའོ། །ཞེས་གསུངས་ལ། ཐེག་པ་འདིའི་སྐོར་ལ་ཉི་ཟླ་འབར་བའི་སྒྲོན་མ་ལས་གསལ་རྒྱས་རྫོགས་གསུམ་གྱིས་བསྟན། མཚན་གྱི་རྣམ་གྲངས་ལ། རྫོགས་ཆེན་ཐོད་རྒལ། ཨཏི་གཉའ་གཅོག ཐེག་དགུའི་ཡང་རྩེ། སྤྱི་ཕུད་སྤྱི་ཏི་ཡོ་གའི་ཐེག་པ་ཞེས་ཀྱང་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:སྤྱི་ཏི་ཡོ་ག་

|; |@@@ | | }}