10059

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་ཞེས་བྱ་བའི་དོན་སོ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་ནམ་མཁའ་མཛོད་ཀྱིིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ གང་ཀུན་ཏུ་བཟུང་བའི་ཆོས་རྣམས་མི་བརྗེད་པ། ༢ ཇི་ལྟར་ཐོས་པའི་ཆོས་རྣམས་མི་བརྗེད་པ། ༣ དྲན་པ་རྗེས་སུ་དྲན་པ། ༤ རྟོགས་པར་ཁོང་དུ་ཆུད་པ། ༥ བློ་གྲོས་འདོད་པ། ༦ ཡི་གེ་མི་ཟད་པ། ༧ ངེས་པའི་ཚིག་དང་སྐད་ལ་འཇུག་པ་ཤེས་པ་དང་སྤོབས་པ་བསྟན་པ་ཐོགས་པ་མེད་ཅིང་རྒྱུན་མི་ཆད་པ། ༨ ངེས་པའི་དོན་གྱི་མདོ་སྡེ་རྟོགས་པ་འཇུག་པ་ཤེས་པ། ༩ དྲང་བའི་དོན་གྱི་མདོ་སྡེ་རྟོགས་པ་ལ་འཇུག་པ་ཤེས་པ། ༡༠ ཀུན་རྫོབ་མི་ཟད་པ་བསྟན་པ་ཤེས་པ། ༡༡ དོན་དམ་པ་དབྱེར་མེད་པའི་དེ་ཁོ་ན་ཉིད་བསྟན་པ་ཤེས་པ། ༡༢ བདེན་པ་ལ་འཇུག་པ་ངེས་པ་ཤེས་པ། ༡༣ དྲན་པ་ཉེ་བར་བཞག་པའི་རྗེས་སུ་འཇུག་པ་ཤེས་པ། ༡༤ ཡང་དག་པར་སྤོང་བའི་བརྩོན་འགྲུས་མི་འགོང་བ་ཤེས་པ། ༡༥ རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རོལ་པ་ཤེས་པ། ༡༦ དབང་པོའི་རིག་པ་ཤེས་པ། ༡༧ སྟོབས་ལ་གནས་པ་མི་བསྐྱོད་པར་ཤེས་པ། ༡༨ བྱང་ཆུབ་ཀྱི་ཡན་ལག་རྟོགས་པ་དང་། མཐུན་པ་ཤེས་པ། ༡༩ ལམ་ལ་འཇུག་པའི་གནས་པ་དང་། ཞི་གནས་ཀྱི་སེམས་གནས་པ་ཤེས་པ། ༢༠ ལྷག་མཐོང་གིས་ཆོས་སྒྲོལ་བར་ཤེས་པ། ༢༡ རིག་པ་དང་རྣམ་པར་གྲོལ་བ་རྗེས་སུ་མཐུན་པ་ཤེས་པ། ༢༢ སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་ཤེས་པ། ༢༣ མངོན་པར་ཤེས་པའི་ཡེ་ཤེས་སྐྱེད་པ་ཤེས་པ། ༢༤ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་ཤེས་པ། ༢༥ བསྡུ་བའི་དངོས་པོ་བཞི་སོ་སོ་ཅི་རིགས་པར་ཤེས་པ། ༢༦ སྒྲ་སྐད་དང་ངག་གི་ལམ་ལ་འཇུག་པ་ཤེས་པ། ༢༧ ཆོས་ཀྱི་བརྡ་སྟོན་པ་ཤེས་པ། ༢༨ དོན་དབྱེར་མེད་པར་ཤེས་པ། ༢༩ ཚིག་འབྲུ་མི་ཟད་པར་ཤེས་པ། ༣༠ སེམས་ཅན་ཐམས་ཅད་ཚིམ་པར་བྱ་བ་ཤེས་པ། ༣༡ སོ་སོ་ཅི་རིགས་པར་ཆོས་སྟོན་པ་ཤེས་པ། ༣༢ སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དྲན་པས་འཛིན་པ་ཤེས་པ། ༣༣ ཚིག་དང་ཡི་གེ་ཐམས་ཅད་མཚམས་སྦྱར་བའི་ངེས་པའི་ཚིག་ལ་འཇུག་པ་ཤེས་པ། ༣༤ ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཤེས་པ། ༣༥ རྒྱུ་དང་བྱ་བ་ལ་འཇུག་པ་ཤེས་པ། ༣༦ ཆོས་ཐམས་ཅད་ལ་སྣང་བ་རབ་རིབ་མེད་པར་ཤེས་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:གཟུངས་ཞེས་བྱ་བའི་དོན་སོ་དྲུག་

|; |@@@ | | }}