100590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཏི་ཡོ་གའི་དཔལ་ལྡན་རྡོ་རྗེ་འཆང་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འཇམ་དཔལ་མཚན་བརྗོད་ཀྱི་སྐབས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་དོན་ལ། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་རྒྱུད་ཚིག་འབྲུ་གཉེར་གྱིས་རྣམ་པ་བཅུར་བཀྲལ་ཏེ་གསུངས་པའི་ཡ་གྱལ། ཐེག་པ་རིམ་དགུའི་དཔལ་ལྡན་རྡོ་རྗེ་འཆང་ལས་ཁྱད་པར་དུ་འཕགས་པ། སྤྱི་ཏི་ཡོ་གའི་དཔལ་ལྡན་རྡོ་རྗེ་འཆང་སྟེ། འདིའི་དོན། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་རྣམས་ལས་སྤྱི་ཏི་ཡོ་གས་ཁྱད་པར་དུ་འཕགས་ཏེ་བཤད་པ། དེ་ནས་ཞེས་པ་ནི་ཐེག་པ་དགུའི་ཞེ་འདོད་དང་བྱ་བཙལ་རྩོལ་སྒྲུབ་ལས་འདས་པའི་དེ་ནས་སོ། །དཔལ་ཞེས་པ་ནི་སྐྱེ་མེད་ཀ་དག་གི་ལྟ་བ་བསྟན། ལྡན་ཞེས་པས་ནི་དངོས་མེད་ཟང་ཀའི་སྒོམ་པ་བསྟན། འཆང་བ་ནི་སོ་མ་ལྷུག་པ་རྣལ་མ་བྱ་རྩོལ་མེད་པའི་སྤྱོད་པ་བསྟན། རྡོ་རྗེ་ཞེས་པ་ནི་རེ་མེད་རང་གནས་སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ་བསྟན་པ་སྟེ། དེ་བཞིས་ཐེག་པ་རིམ་པ་དགུ་ལས་འཕགས་པའོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:སྤྱི་ཏི་ཡོ་གའི་དཔལ་ལྡན་རྡོ་རྗེ་འཆང་

|; |@@@ | | }}