100592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཏི་ཡོ་གའི་འཇམ་དཔལ་དགུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། ཐེག་པ་རིམ་པ་དགུའི་འཕགས་པ་འཇམ་དཔལ་ལས་ཁྱད་པར་དུ་འཕགས་པའི་སྤྱི་ཏི་ཡོ་གའི་འཇམ་དཔལ་དགུ་སྟེ། ཉི་ཟླ་འབར་བའི་སྒྲོན་མ་ལས། སྤྱི་ཏི་ཡོ་གའི་འཇམ་དཔལ་རྣམ་པ་དགུ་སྟེ། སྐྱེ་བ་མེད་པའི་འཇམ་དཔལ་དང་། འོད་གསལ་བའི་འཇམ་དཔལ་དང་། ཀ་དག་ཆེན་པོའི་འཇམ་དཔལ་དང་། དངོས་མེད་ཟང་ཐལ་གྱི་འཇམ་དཔལ་དང་། གསལ་བ་ངང་དྭངས་ཀྱི་འཇམ་དཔལ་དང་། རང་གསལ་སྒྲིབ་མེད་ཀྱི་འཇམ་དཔལ་དང་། རང་བྱུང་རང་མདངས་ཀྱི་འཇམ་དཔལ་དང་། རང་སྣང་རང་གྲོལ་གྱི་འཇམ་དཔལ་དང་། བྱར་མེད་བློ་འདས་ཆེན་པོའི་འཇམ་དཔལ་དང་དགུ་སྟེ། དེ་ལྟར་ཐེག་པ་དགུའི་འཇམ་དཔལ་ལས་སྤྱི་ཏི་ཡོ་གས་འཕགས་སོ། ། ཡང་ན། འཕགས་པ་ནི་ཐེག་པ་རིམ་པ་དགུ་ལས་འཕགས། འཇམ་པ་ནི་ལྟ་སྒོམ་གྱི་ཟུག་རྔུ་དང་རྩོལ་སྒྲུབ་མེད་པས་འཇམ། དཔལ་ནི་ཀ་དག་བློ་འདས་ཏེ་རྣལ་འབྱོར་སྐལ་ལྡན་ཡང་རབ་ཀྱི་དཔལ་ལོ། ། ཡང་ན། དཔལ་ནི་རྣམ་པ་གསུམ་སྟེ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་དང་། བྱར་མེད་བློ་འདས་རྟོགས་པའི་དཔལ་དང་གསུམ་མོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྤྱི་ཏི་ཡོ་གའི་འཇམ་དཔལ་དགུ་

|; |@@@ | | }}