100594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་ཏི་ཡོ་གའི་སྙན་བརྒྱུད་ཀྱི་གདམས་པ་རྣམ་པ་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སྤྱི་ཏི་ཡོ་གའི་སྙན་རྒྱུད་ཀྱི་གདམས་པ་རྣམ་པ་ཉི་ཤུ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཡང་ན། རྣམ་པ་ཉི་ཤུ་ཞེས་པ་སྤྱི་ཏི་ཡོ་གའི་སྙན་རྒྱུད་ཀྱི་གདམས་པ་བསྟན་ཏེ། སྐོར་ལུགས་གསུམ་དུ་བཅའ་གཞི་བསྟན། སྣ་ལུགས་གསུམ་དུ་བསྟན་ནས་ངོས་ཀྱང་བཟུང་། སྤྲོས་པ་སྤྲོས་གྲོལ་སྤྲོས་མེད་གསུམ་དུ་གཏན་ལ་དབབ། འགགས་ཆེན་གསུམ་དུ་གྲོལ་ལུགས་བསྟན། ཀློང་ཆེན་གསུམ་དུ་གྲོལ་བའི་འབྲས་བུ་བསྟན། དབྱིངས་ཆེན་གསུམ་དུ་ལ་བཟླ་བསྟན། དེ་རྣམས་ལ་ནི་བཅོ་བརྒྱད་དེ། ཐོག་མ་གཞིའི་རྣམ་པ་དང་། ཐ་མ་འཁྲུལ་པ་རྩད་གཅོད་པའི་རྣམ་པ་སྟེ། སྐལ་ལྡན་ཤེས་རབ་ཅན་གྱིས་དེ་ལྟར་རྣམ་པ་ཉི་ཤུར་ཤེས་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:སྤྱི་ཏི་ཡོ་གའི་སྙན་བརྒྱུད་ཀྱི་གདམས་པ་རྣམ་པ་ཉི་ཤུ་

|; |@@@ | | }}