100601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་དང་བཅས་པའི་གསལ་བ་བརྡ་ཡི་ཡུལ་དུ་མི་རུང་ (1)
Part of speech མིང་ཚིག
Definition ཕྱི་རོལ་པས་འདོད་པའི་སྤྱི་དོན་གཞན་དང་བཅས་པའི་གསལ་བ་བརྡ་ཡི་ཡུལ་དུ་མི་རུང་ཞེས་པ། དེ་ཡང་བྱེ་བྲག་པས་ཐ་མལ་པའི་མངོན་སུམ་གྱིས་ཡུལ་དུ་བྱེད་མི་ནུས་པའི་རང་རང་གི་གསལ་བ་རྣམས་དང་དོན་གཞན་དུ་ཡོད་པའི་རིགས་མཐུན་ཀུན་གྱི་རྗེས་སུ་འགྲོ་བའི་སྤྱི་འམ་སྤྱི་དོན་གཞན་ཞེས་པ་དེ་ལ་བརྡ་སྦྱར་ནས་སྐྱེས་བུའི་མངོན་འདོད་སྒྲུབ་དགོས་པར་འདོད་པ་ཡིན། དེ་འདྲའི་སྤྱི་མེད་ན། གསལ་བ་མཐའ་ཡས་པས། དེ་དག་རེ་རེ་ལ་བརྡ་སྦྱོར་དགོས་ན་བསྒྲུབ་མི་ནུས་ཟེར།
Example དཀར་ཟལ་བ་ལང་ཞེས་པའི་བརྡ་སྦྱོར་ས་ནི་སྤྱི་དོན་གཞན་དེ་ཡིན་པར་འདོད། གང་ཡིན་ཞེ་ན། ཕྱིས་ནག་སྒུར་མཐོང་མ་ཉིད་ནས་བ་ལང་ཤེས་ནུས་པ་དེ། མི་འདྲ་བའི་ཆ་ཅུང་ཟད་ཀྱང་མེད་པའི་དེ་གཉིས་ཀ་ལ་ཡོད་པའི་སྤྱི་དོན་གཞན་དེ་ལ་བརྡ་སྦྱར་བས་ཡིན་ཟེར། རྒྱལ་ཚབ་རིན་པོ་ཆེའི་རྣམ་འགྲེལ་ཐར་ལམ་གསལ་ལས། སྤྱི་ལྡན་གྱི་གསལ་བ་ལ་ཡང་སྦྱོར་མི་ནུས་པར་ཐལ། དེ་ལ་ཡང་མཐའ་ཡས་པ་འདི་མཚུངས་པའི་ཕྱིར་ཏེ། སྤྱིས་གསལ་བ་མང་པོ་ཉུང་བར་བྱེད་མི་ནུས་པའི་ཕྱིར་ཞེས་སོ། །
Domain ཚད་མ།

{{#arraymap:སྤྱི་དང་བཅས་པའི་གསལ་བ་བརྡ་ཡི་ཡུལ་དུ་མི་རུང་

|; |@@@ | | }}