100628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་བསྒྲགས་ (1)
Part of speech མིང་ཚིག
Definition གྲོས་ཚོགས་གལ་ཆེན་གྱི་གྲོས་ཆོད་དང་། རྒྱལ་ཁབ་སོ་སོའི་བར་གྱི་གྲོས་མོལ་བྱས་པའི་གནས་ཚུལ། རྒྱལ་ཁབ་སོ་སོའི་བར་གྱི་གྲོས་ཚོགས་ཀྱི་དོན། དམག་ལས་བྱས་པའི་གནས་ཚུལ་སོགས་དངོས་སུ་བསྒྲགས་པའི་ཡི་གེའི་རིགས་ཤིག་གི་མིང་།
Example མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་བསྒྲགས་ཞེས་པ་ལྟ་བུ།
སྤྱི་བསྒྲགས་ (2)
Part of speech མིང་ཚིག
Definition མང་ཚོགས་སྤྱི་ཡོངས་ལ་ཁྱབ་བསྒྲགས་བྱས་པའི་བཀའ་རྒྱའམ། སྲིད་གཞུང་གིས་ལས་དོན་གལ་ཆེན་རིགས་བསྒྲགས་པའི་ཡི་གེ་རིགས་ཤིག་གི་མིང་།