10063
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ཆོས་དོན་དུ་གཉེར་བ། ༢ ཆོས་འདོད་པ། ༣ ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། ༤ ཆོས་ལ་གཞོལ་བ། ༥ ཆོས་ལ་བབ་པ། ༦ མང་དུ་ཐོས་པ་རྣམས་ལ་བརྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱེད་པ། ༧ སློབ་དཔོན་དང་མཁན་པོ་རྣམས་ལ་ང་རྒྱལ་མེད་ཅིང༌། བཙུན་པར་གུས་པར་བྱེད་པ། ༨ ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ། ༩ རྗེས་སུ་བསྟན་པ་རྣམས་ལ་བཀའ་བློ་བདེ་ཞིང་མཐུན་པར་འཛིན་པ། ༡༠ ཆོས་སྨྲ་བའི་གང་ཟག་རྣམས་ལ་སྟོན་པ་ཙམ་དུ་སེམས་ཤིང་འཁྲུལ་པ་མི་ཚོལ་བ། ༡༡ ཀུན་འཛིན་པ་ལ་ལེ་ལོ་མེད་པ། ༡༢ ཀློག་པ་ལ་ལེ་ལོ་མེད་པ། ༡༣ སྟོན་པ་ལ་ལེ་ལོ་མེད་པ། ༡༤ ཆོས་ལ་སློབ་དཔོན་གྱི་དཔེ་མཁྱུད་མེད་ཅིང་ཟང་ཟིང་མེད་པར་ཆོས་སྦྱིན་པ། ༡༥ ཤེས་རབ་ཀྱི་རྩ་བའི་གནས་ཐོབ་པ། ༡༦ ཚུལ་བཞིན་གྱི་ཆོས་ལ་སྦྱོར་བ། ༡༧ ཇི་ལྟར་ཐོས་པའི་ཆོས་ལ་སོ་སོར་བརྟག་པའི་ཕྱིར་མང་དུ་ཐོས་པ་མུ་མེད་པར་བྱས་པ། ༡༨ ཚངས་པར་སྤྱོད་པ་ལ་གནས་པ་མེད་པར་བྱས་པ། ༡༩ རྟག་ཏུ་དབེན་པ་ལ་སེམས་གཞོལ་བ། ༢༠ རྗེས་སུ་དྲན་པ་དྲུག་རྗེས་སུ་དྲན་པ། ༢༡ ཡང་དག་པར་ཆགས་པར་འགྱུར་བ་དྲུག་མི་འདོར་བ། ༢༢ གུས་པར་བྱ་བའི་གནས་དྲུག་ཡོངས་སུ་མི་གཏོང་བ། ༢༣ སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་ཆོས་ལ་སྦྱོར་བ། ༢༤ རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བའི་ལས་ལ་འཇུག་པ། ༢༥ བྱ་བ་ལ་འཇུག་པ། ༢༦ རྣམ་པར་ཐར་པའི་སྒོ་གསུམ་ལ་སེམས་ངེས་པར་རྟོག་པ་ལ་མི་སྐྲག་པ། ༢༧ འཕགས་པའི་རིགས་དང་སྦྱངས་པའི་ཡོན་ཏན་ཀུན་འཛིན་པས་ཡོངས་སུ་མི་འཆད་པ། ༢༨ དམ་པའི་ཆོས་ཡོངས་སུ་གཟུང་བ་ལ་སེམས་ཞུམ་པ་མེད་པ། ༢༩ སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེ་བ། ༣༠ ཆོས་ལ་ལྟ་བས་ལུས་དང་སྲོག་འདོར་བ། ༣༡ ཡེ་ཤེས་ལ་ལྟ་བས་རྟག་ཏུ་ང་རྒྱལ་མེད་པ། ༣༢ སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་བཅས་སོ། ། |
| Domain | ཆོས་ལུགས། |