100632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་བུག་དགོན་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition འབྲུག་པ་བཀའ་བརྒྱུད། དགོན་འདི་ཤར་མདའ་ནས་ལྷོ་ནུབ་ཏུ་དཔག་ཚད་གཅིག་ཙམ་གྱིས་ཆོད་པའི་ས་ན། རིང་གྲོང་གི་ཤར་ལྷོའི་ཕྱོགས་དེར་ཆགས་ཡོད། ཐོག་མར་སྤྱི་བུག་བླ་མ་ཀརྨ་བྱང་ཆུབ་ཀྱིས་ཆག་བཏབ། དེ་ཉིད་སྟག་ལུང་རིན་པོ་ཆེ་(སྟག་ལུང་སངས་རྒྱས་དབོན་གྲགས་པ་དཔལ། རབ་བྱུང་བཞི་པའི་ལྕགས་ཕག ༡༢༥༡ ལོར་སྐུ་འཁྲུངས། རབ་བྱུང་ལྔ་པའི་མེ་སྤྲེལ ༡༢༩༦ ལོར་འདས། ) ཡུན་རིང་བསྟེན་པས། རྩ་རླུང་ལ་རང་དབང་ཚུད། ཁྱད་པར་འཕོ་བའི་བཀའ་བབ། སྤྱི་བོ་བདེ་ཆེན་འཁོར་ལོར་ཚངས་པའི་བུ་ག་བྱུང་བས་བླ་མ་སྟག་ལུང་པས། སྤྱི་བུག་བླ་མ་ཞེས་མཚན་གནང་བས་དགོན་པའི་མཚན་ཐོགས་པར་གྲགས། དེ་ཡང་ཐོག་མར་དགོན་འདི་ཉིད་རབ་ཤིས་ཇོ་གཞུང་ས་གར་སྒང་དུ་ཆགས་ནས། ཡུན་མི་རིང་ཙམ་དུ་འགལ་རྐྱེན་སྣ་ཚོགས་བྱུང་བར་བརྟེན་རྣ་རོང་འགག་ཅེས་པའི་སར་སྤོས་གནང་མཛད། ཐོག་མར་ཕྱག་བཏབ་པའི་ལོ་ཚིགས་མི་གསལ་ཡང་ཆོས་ལུགས་འབྲུག་པ་བཀའ་བརྒྱུད་པའི་ལུགས་སུ་མཛད། སྐུ་ཕྲེང་དང་པོ་ནས་ད་ལྟའི་སྐུ་ཕྲེང་བཅུ་གཅིག་གི་བར་དང་། རིག་འཛིན་ཆོས་རྒྱལ་རྡོ་རྗེ་སྐུ་ཕྲེང་བཞི་བཅས་ཀྱིས་དགོན་པ་འདིར་གདན་ས་མཛད། རིག་འཛིན་ཆོས་རྒྱལ་རྡོ་རྗེ་འདི་ནི་འབྲུག་པ་བཀའ་བརྒྱུད་ཀྱི་གསེར་ཕྲེང་ནང་རྩོད་མེད་ཀྱི་གྲུབ་བརྙེས་ཆེན་པོ་ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཞིག་ཡིན། ཉམས་ཉེས་ཀྱི་དབང་གིས་བོད་སྤྱི་མཚུངས་བཞིན་མིང་ལྷག་ཙམ་དུ་འཐོར་ཞིག་རྩ་སྟོང་དུ་གྱུར། སླར་ཡང་གུ་ཡངས་ཀྱི་ཚུལ་བསྟན་ནས་ཕྱི་ལོ ༡༩༨༡ ལོར་འབྲེལ་ཡོད་མི་སྣས་ཆོག་མཆན་སྤྲད་པ་དང་འབྲེལ། དགོན་འདི་བསྐྱར་བཞེངས་ཀྱི་མགོ་བཟུང་། བློ་གྲོས་རྒྱལ་མཚན་དང་ཆོས་རྒྱལ་རྡོ་རྗེ་སྐུ་ཕྲེང་གསུམ་པ་རིན་ཆེན་དཔལ་བཟང་གི་དངོས་སློབ་བསྟན་རབ་བཅས་ཀྱིས་ཐུགས་འགན་བཞེས། ཡུལ་སྡེ་སེར་སྐྱ་རྣམས་ནས་མཐུན་སྦྱོར་རོགས་རམ་ལྷུར་ལེན་བྱས་ཏེ། གཙུག་ལག་ཁང་ཀ་བ་ཉེར་ལྔ་ཙམ་བཞེངས་པ་གྲུབ། སྐུ་རྟེན། སྔར་ནས་ཡོད་པའི་རྟེན་རྙིང་། སྟོན་པའི་སྐུ་ལི་མ། སྒྲོལ་མའི་སྐུ་རྒྱ་གར་ཤར་ལིར་གྲགས་པ། ཞལ་ཐང་རྙིང་པ་ལྔ། ཐེལ་ཚེ་གཏེར་མར་གྲགས་པ་དེ་དང་། བླ་མ་ཀརྨ་བྱང་ཆུབ་ལ་འཕགས་པའི་གནས་བརྟན་ཡན་ལག་འབྱུང་གིས་གནང་བར་གྲགས་པའི་ཕྱག་མཁར་ཤིང་ངོ་མི་ཆོད་པ་བླ་མ་འདི་པ་འཛམ་གླིང་མཐའ་བསྐོར་མཛད་ནས་ཕེབས་སྐབས། ཕྱག་བསྣམས་མཛད་དང་གུ་རུའི་སྐུ་དང་སྒྲོལ་མའི་སྐུ་གསེར་ཟངས་ལས་གྲུབ་པ། མདོ་སྔགས་སྟོན་པ་གཉིས་དང་སྒྲོལ་ལྗང་སོགས་དང། གསུང་རྟེན་ཡིག་རིགས་སྣ་ཚོགས་དང་། སྒྲུབ་མཆོད་སྔར་སྲོལ་བཞིན། དགུ་ཆེ་ཆུང་གཉིས་དྲག་མཐིང་གི་སྒྲུབ་པ། བསམ་པ་ལྷུན་འགྲུབ་སྒྲུབ་མཆོད་བཅས་བསྐྱར་གསོ་གྲུབ། གཞན་འབུད་རྡུང་དཀྲོལ་གྱི་རིགས་དང་མཆོད་ཆས་ཆ་ཚང་བར་བཞུགས། མ་དགོན་ཁམས་པ་སྒར་ཡིན།

{{#arraymap:སྤྱི་བུག་དགོན་ཆོས་འཁོར་གླིང་

|; |@@@ | | }}