100641
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་རང་ལོའི་ཀླུང་ཁམས་ཀྱིས་གནམ་ལོའི་ཀླུང་ཁམས་གཅོད་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་ཀྱིས་སྣ་བོན་གྱི་ཚེ་ལ་ཧབ་ཤ་བྱེད་པས། བཅོས་སུ་བག་མའི་སྤྱི་བོར་ཟོར་བ་བཀུག་ཅིང་སྣ་བོན་གདོང་ལ་ཕྱེ་བྱུག་དགོས། གལ་སྲིད་བུ་མོ་སུ་ཞིག་གི་རང་ལོ་སྟག་རྟ་ཁྱི་གསུམ་དུ་གཏོགས་པར་ཆ་བཞག་ན། མཐུན་གསུམ་དེའི་ཀླུང་ཁམས་ལྕགས་ཡིན་པས། ལྕགས་དགྲ་རུ་འགྲོ་བའི་ཤིང་ཀླུང་ཁམས་ཡིན་པའི་མཐུན་གསུམ་བྱི་འབྲུག་སྤྲེལ་གསུམ་ལས་གང་རུང་ཞིག་གནམ་ལོར་ཤར་དུས་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན། |
| Domain | རྩིས་རིག |