100657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་མཚན་ (1)
Part of speech མིང་ཚིག
Definition སྤྱི་མཚན་གྱི་མཚན་ཉིད་ནི། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། མཚན་གཞི་ལ། དངོས་པོར་ཡོད་པ་དང། མེད་པའོ། །དང་པོ་ནི། ཀུན་རྫོབ་པའི་དངོས་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། འདི་རང་མཚན་མ་ཡིན་ཏེ། དོན་དམ་པར་དོན་བྱེད་མི་ནུས་པའི་ཕྱིར། གཞན་དུ་ན་དོན་དམ་པའི་དངོས་པོར་འགྱུར་རོ། །ཀུན་རྫོབ་པའི་དངོས་པོ་ལ་གཉིས་ཏེ། ཡུལ་སྟེང་ན་དངོས་པོར་གནས་པས་དང་། རྟོག་པ་དོན་མཐུན་ལ་དངོས་པོར་སྣང་བའོ། །དང་པོ་ནི། རགས་པ་དང་རྒྱུན་གྱི་དངོས་པོ་རྣམས་སོ། །གཉིས་པ་ནི། དངོས་པོར་ཡོད་པ་ལ་བརྟེན་པའི་གཞན་སེལ་མཐའ་དག་གོ ། ཡང་གཉིས་པ་ནི། འདུས་མ་བྱས་གསུམ་དང་། དེ་ལ་བརྟེན་པའི་གཞན་སེལ་རྣམས་སོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།

{{#arraymap:སྤྱི་མཚན་

|; |@@@ | | }}

སྤྱི་མཚན་ (2)
Part of speech མིང་ཚིག
Definition སྤྱི་མཚན་གྱི་མཚན་ཉིད་ནི། ཡུལ་དུས་རང་བཞིན་ཐུན་མོང་བར་སྣང་བའི་སྒྲོ་བཏགས། དབྱེ་བ་ལ། དངོས་པོ་དང་། དངོས་མེད་དང་། གཉིས་ཀ་ལ་བརྟེན་པའི་སྤྱི་གསུམ་སྟེ། དངོས་དང་དངོས་མེད་གཉིས་ཀ་ལ། །བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར་དང་། ཡང་གཅིག་ལ་ཐ་དད་དུ་འབྱེད་པའི་སྤྱི། ཐ་དད་ལ་གཅིག་ཏུ་སྡུད་པའི་སྤྱི། གཅིག་ལ་གཅིག་ཏུ་སྣང་བའི་སྤྱི། ཐ་དད་ལ་ཐ་དད་དུ་སྣང་བའི་སྤྱི་དང་བཞིར་དབྱེར་རུང་སྟེ། གཞན་སེལ་ལ་དེ་ལྟར་ཕྱེ་བ་གང་ཞིག སྤྱི་དང་སྤྱི་མཚན་གཞལ་སེལ་གསུམ་གནད་གཅིག་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། མིང་གི་རྣམ་གྲངས་ནི། སྤྱི་མཚན་དང་། སྤྱིའི་མཚན་ཉིད་དང་། འདྲ་བ་ཐུན་མོང་བའི་ཆོས་དང་། རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་དང་། རྟོག་པའི་སྣང་ཡུལ་གྱི་གཙོ་བོ་རྣམས་དོན་གཅིག་ཡིན་ནོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེེར་ལས་གསུངས་སོ། །

{{#arraymap:སྤྱི་མཚན་

|; |@@@ | | }}

སྤྱི་མཚན་ (3)
Part of speech མིང་ཚིག
Definition གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྤྱི་མཚན་གྱི་མཚན་ཉིད། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཡང་ན་རྟོགས་པ་ལ་ཡུལ་དུས་འདྲེས་པར་སྣང་བའི་སྣང་ཡུལ། དཔེར་ན་རྟོགས་པ་ལ་ལྟོ་ལྡིར་ཞབས་ཞུམ་སྣང་བ་ལྟ་བུའོ། །ཞེས་གསུངས།

{{#arraymap:སྤྱི་མཚན་

|; |@@@ | | }}

སྤྱི་མཚན་ (4)
Part of speech མིང་ཚིག
Definition རྒྱུ་རྐྱེན་གྱིས་བྱས་པ་མ་ཡིན་པར་རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་སུ་དམིགས་པ་དེ་ལ་སྤྱི་མཚན་ཞེས་བྱ་སྟེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་སུ་དམིགས་པ་དེ། སྤྱི་མཚན་གྱི་མཚན་ཉིད། སྤྱི་མཚན། རྟག་པ། ཀུན་རྫོབ་བདེན་པ། རྟོག་པའི་སྣང་ཡུལ་རྣམས་དོན་གཅིག ཅེས་གསུངས་པའི་ཕྱིར།

{{#arraymap:སྤྱི་མཚན་

|; |@@@ | | }}