10068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་སྒྲིལ་ (1)
Part of speech མིང་ཚིག
Definition སྔགས་མགོ་ནས་སྒྲིལ་བ་འདི་ནི་སྔགས་མགོ་དབུས་སུ་འབྱུང་བས་ལེགས་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཨོཾ་ནི་ཅི་ཡིན་བརྗོད། །ཅེས་སོགས་གསུངས་པ་དང་མཐུན་ཞིང་སྐྱེས་ཆེན་གོང་མའི་ཕྱག་ལེན་ཡང་ཡིན་པའི་ཕྱིར་རོ། །ཡང། གཟུངས་ནི་ཡི་གེ་རེ་རེ་ནས་སོ་སོར་གནས་པས་སྔགས་མགོ་དང་སྔགས་མཇུག་དབུས་དང་ཕྱིར་འབྱུང་གི་གོ་རིམ་མ་ལོག་པ་ཞིག་དགོས་ལ། ཐང་སྐུ་ལ་དེ་ལྟར་མི་དགོས་པའི་ཁྱད་པར་མ་ཕྱེད་འདུག་པའི་ཕྱིར་དང། ཁྱད་པར་གཟུངས་ནི་ལན་ཅིག་སྒྲིལ་བ་དེ་རྟག་ཏུ་གཞུག་དགོས་པ་དང། ཐང་སྐུ་ནི་གནས་སྐབས་ཆུད་མི་ཟ་བ་ཙམ་གྱིས་ཆེད་དུ་སྒྲིལ་བ་ཡིན་པའི་ཁྱད་པར་ལ་ཡང་རྣམ་དཔྱོད་མ་ཞུགས་འདུག་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་ཁ་སྐོང་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་སོ། །
Domain ཆོས་ལུགས།