100696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་རྒྱུད་དྲུག་ (1)
Part of speech མིང་ཚིག
Definition སྔགས། བྱ་རྒྱུད། རྙིང་མ། སྤྱི་རྒྱུད་དྲུག་ནི། བྱ་བའི་རྒྱུད་ཀྱི་ཐེག་པ་སྤྱིའི་རྒྱུད་དྲུག་སྟེ། གསང་སྔགས་ལུང་གི་བང་མཛོད་ལས། བྱ་བའི་རྒྱུད་ལ་གཉིས་ཏེ༔ སྤྱི་དང་༔ བྱེ་བྲག་གོ༔ དེ་ལ་བྱ་བའི་རྒྱུད་ལ་སྤྱིའི་རྒྱུད་ལ་དྲུག་སྟེ༔ རིག་སྔགས་ཐམས་ཅད་ཁོག་ཕུབ་པ་ཀྲི་ཡ་དཔུང་བཟང་གི་རྒྱུད་དང་༔ རིག་སྔགས་ཐམས་ཅད་ཀྱི་དབང་བསྐུར་བ་ལག་ན་རྡོ་རྗེ་དམ་པའི་ཏནྟྲ་དང་༔ རིག་སྔགས་ཐམས་ཅད་ཀྱིས་གསལ་བ་རིག་པ་མཆོག་གི་རྒྱུད་དང་༔ རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སུ་ཀ་ས་ཏི་ཀི་རའི་སིདྡྷིཀརའི་རྒྱུད་དེ་ལེགས་པར་གྲུབ་པའི་རྒྱུད་དང་༔ རིག་སྔགས་ཐམས་ཅད་ཀྱི་ཕྲིན་ལས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་དང་༔ རིག་སྔགས་ཐམས་ཅད་ཀྱི་དགོངས་པ་བསམ་གཏན་ཕྱི་མའི་རྒྱུད་དང་དྲུག་གོ༔ ཞེས་གསུངས། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་སུ་ཀ་ས་ཏི་ཀི་རའི་རྒྱུད༔ ཅེས་འདི་ནོར་བར་སྣང་སྟེ། རིག་སྔགས་ཐམས་ཅད་ཀྱི་འདུལ་བ་ལེགས་པར་གྲུབ་པའི་རྒྱུད་དམ། ལེགས་གྲུབ་ཀྱི་རྒྱུད་ལ། སུ་སིདྡྷི་ཀ་རའི་རྒྱུད་ཅེས་འབྲི་དགོས་པར་སྣང་བས་བརྟག་པར་འཚལ།
Domain ཆོས་ལུགས།

{{#arraymap:སྤྱི་རྒྱུད་དྲུག་

|; |@@@ | | }}