100697
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྤྱི་རྒྱུད་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་བཅོ་ལྔ་དང་ལུང་ལྔ་སྟེ་རྒྱུད་ལུང་ཉི་ཤུ་ཐམ་པ་དང་། མན་ངག་བརྒྱ་དང་བཅུ་བཅས། རྒྱུད་ལུང་མན་ངག་གི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ་ལས། དང་པོ་རྒྱུད་ཀྱི་སྐོར་ཏེ། བདེ་གཤེགས་འདུས་པ་རྩ་བའི་རྒྱུད་དང་། ཕྱི་མ་ངེས་པར་འབྱུང་བའི་རྒྱུད་དང་། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད་དང་། མ་ཚང་བ་ཁ་སྐོང་བའི་རྒྱུད་དང་། འབྱེད་པར་བྱེད་པ་ལྡེའུ་མིག་གི་རྒྱུད་བཅས་ལྔའོ། །དེ་ཡང་། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། རྣལ་འབྱོར་བླ་ན་མེད་པའི་གསང་སྔགས་བདེ་བར་གཤེགས་པ་ཐམས་ཅད་འདུས་པའི་ཆོས་འདི་ལ༔ ལྡན་མ་རྩེ་མང་གིས་བསྒྱུར་ཅིང་བཀོད་པ་ཕལ་ཆེ་བ་ལ༔ དེ་ཡང་རྒྱུད་ཀྱི་སྐོར༔ ལུང་གི་སྐོར༔ མན་ངག་གི་སྐོར་རྣམས་སུ་ཕྱེ་ནས་གནང་སྟེ༔ དང་པོ་རྒྱུད་ཀྱི་སྐོར་ལ་བདེ་བར་གཤེགས་པ་ཐམས་ཅད་འདུས་པ་རྩ་བའི་རྒྱུད༔ ཕྱི་མ་ངེས་པར་འབྱུང་བའི་རྒྱུད༔ ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད༔ འབྱེད་པར་བྱེད་པ་ལྡེ་མིག་གི་རྒྱུད༔ མ་ཚང་བ་ཁ་སྐོང་བར་བྱེད་པའི་རྒྱུད་དོ༔ དེ་དག་ནི་སྤྱིའི་རྒྱུད་ལྔའོ༔ ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:སྤྱི་རྒྱུད་ལྔ་
|; |@@@ | | }}