100715

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་སྤུངས་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། ནོར་བུ་རིན་པོ་ཆེ་མ་བགོས་སྤྱི་ལ་སྤུངས་པས་ན་སྤྱི་སྤུངས་ཞེས་སམ། ཡང་ན་ཐེག་པ་དགུ་ཀའི་སྤྱི་དོན་སྤྱི་ལ་སྤུངས་པས་ན་སྤྱི་སྤུངས་ཞེས་བྱ་བའམ། ཡང་ན་གསང་སྔགས་ཀྱི་དོན་མ་ལུས་འབྱུང་བས་ན་དེ་སྐད་ཅེས་གསུངས་ཤིང་། བྱེ་བྲག་ཏུའང་སངས་རྒྱས་ཀྱི་ཡོན་ཏན་མ་བགོས་སྤྱི་ལ་ཡོད་པའི་དོན་དུ་གོ་ཞིང་དེ་ཡང་སྐྱེས་བུ་ལས་སྐལ་ལྡན་ཞིང་བསྒྲུབ་ནུས་པ་གཅིག་ལ་འབྱུང་གིས་ཕལ་པ་ལ་མི་འབྱུང་བ་དཀོན་པའང་གསང་བའི་དོན་ཅན་ལ་གོ་བ་ཡིན་ནོ། །དེ་ཡང་འབྲས་བུ་སྔགས་ཀྱི་བོན་སྡེའི་གཙོ་བོ་ཞིག་ཡིན་ཏེ། མཛད་མདོ་དྲི་མེད་ཀྱི་ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། གསང་བ་སྔགས་ཀྱི་ཡང་སྙིང་ཡིན། །ཐམས་ཅད་འདུས་པའི་མདོ་རྩ་ཡིན། །མ་ལུས་འབྱུང་བའི་སྤྱི་སྤུངས་ཡིན། །ཀུན་ཀ་ཚང་བའི་མཛོད་ཆེན་ཡིན། །དེ་ཕྱིར་རིན་ཆེན་སྤྱི་སྤུངས་ཏེ། །སྤྱི་སྤུངས་གསང་བ་མཛོད་ཆེན་ཡིན། །ཞེས་གསུངས་པས་སོ། །
Domain ཆོས་ལུགས།