100716

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱི་སྤུངས་ཀྱི་རྩ་བའི་གསས་མཁར་རྣམ་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྐུ་གསུང་ཐུགས་ཀྱི་གསས་མཁར་རྣམ་པ་གསུམ་སྟེ། གསང་བ་བརྩོད་ཟློག་སྐུ་ཡི་མཁར། ཐིག་ལེ་གཏིང་རྫོགས་གསུང་གི་མཁར། གསང་བ་གཏིང་རྫོགས་ཐུགས་ཀྱི་མཁར་དང་གསུམ་སྟེ། མཛད་མདོ་དྲི་མེད་ཀྱི་ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། རིན་ཆེན་སྤྱི་སྤུངས་གསས་མཁར་ལ། །རྩ་བའི་གསས་མཁར་རྣམ་པ་གསུམ། །གསང་བ་བརྩོད་ཟློག་སྐུ་ཡི་མཁར། །ཐིག་ལེ་གཏིང་རྫོགས་གསུང་གི་མཁར། །གསང་བ་གཏིང་རྫོགས་ཐུགས་ཀྱི་མཁར། །སྐུ་གསུང་ཐུགས་ཀྱི་གསས་མཁར་རོ། །ཞེས་སོ། །
Domain ཆོས་ལུགས།