10072

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུངས་སྔགས་རིན་ཆེན་སྒྲོན་མ་ (1)
Part of speech མིང་ཚིག
Definition བོན། རིན་ཆེན་སྒྲོན་མ་དོང་སྤྲུག་གི་མདོ་ལས། ལེའུ་ལྔ་པ་ནི་གཟུངས་སྔགས་འདི་ཡིན་ཏེ། སྟོན་པའི་རྒྱལ་པོ་གཤེན་རབ་མི་བོ་མཆོག་གིས། མུ་ཁྱུད་བདལ་བའི་མཚོ་གླིང་། གསས་ཁང་དཀར་ནག་བཀྲ་གསལ་དུ་ཕུན་སུམ་ཚོགས་པའི་འཁོར་དུ་འདུས་པའི་ནང་ནས་གཤེན་རབ་ཀྱི་སྲས་རྨ་ལོ་ཡིས་བཟླས་ཆོག་རིན་ཆེན་སྒྲོན་མའི་ཡང་བཅུད་ཀྱི་གདམས་པ་ཅིག་གསུང་པར་ཞུ་བར་བརྟེན། སྟོན་པའི་རྒྱལ་པོས་ཡང་སྙིང་ཐིག་ལེ་གཟུངས་སམ། གཟུངས་སྔགས་རིན་ཆེན་སྒྲོན་མ་འདི་གསུངས་པའོ། །ཆོ་ག་འདིའི་འཇུག་སྒོ་ལ། ཚེས་བརྒྱད། ཚེས་བཅུ་བཞི་དང་། བཅོ་ལྔ། བཅུ་དྲུག གནམ་སྟོང་བཅས་དུས་བཟང་ལ། བཀྲ་ཤིས་རྟེན་འབྲེལ་ཚོགས་ཤིང། ནང་པར་ཁྲུས་དང་གཙང་སྦྲ་བྱ། མ་དྷལ་གྱི་མཆོད་པ་དཔག་མེད་བཤམས། ཆ་ལུགས་ཕྱག་རྒྱ་ལྔ་ལྡན་དུ་བཅའ། རང་བས་གཞན་གཅེས་ཀྱི་སེམས་ཀྱིས་ཟིན། དབྱངས་སྙན་དག་གསལ་ངང་ནས་འཇུག་དགོས་པར་མདོ་དེ་ཉིད་ལས་གསུངས་སོ། །གཟུངས་སྔགས་འདིའི་ཕན་ཡོན་ནི། ནད་རིགས་གནོད་པ་རྣམས་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ནི་འཕེལ་ཞིང་། འབྱུང་པོའི་རིགས་ཀྱི་བར་ཆད་རྣམས་བཟློག་པར་འགྱུར་བར་མདོ་དེ་ཉིད་ལས་གསུངས་སོ། །
Domain ཆོས་ལུགས།