100732
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་སྒོ་བཅུའི་ནང་གསེས་ཤིག་སྟེ། བཅུ་གསུམ་ཞེས་པ་ཟླ་བ་དག་གི་ཚེས་བཅུ་དང་། ཉི་ཤུ། སུམ་ཅུ་བཅས་ལ་ཟེར་ཞིང་། ཚེས་དེ་དག་ཏུ་ལས་དང་བྱ་བ་ཅི་བྱས་འཕུང་ཞིང་ཁྱད་པར་དུ་སྤྱིའི་མདུན་གྲོས་ལ་ངན་པས་སྤང་དགོས། གནམ་སྒོ་འདིའི་སྒྲིབ་བཅོས་ནི་བཻ་དཀར་ལས་༼སྤྱི་ཡི་གནམ་སྒོ་སྒྲིབ་པ་ན། །སྟག་ཐོད་ནག་པོ་ནམ་མཁར་འཕྱར། །གསའ་མེའི་ཐོད་པ་ལྷོ་རུ་འཕྱར། །ཝ་ཡི་ཐོད་པ་ནུབ་ཏུ་འཕྱར། །གཡི་ཡི་ཐོད་པ་བྱང་དུ་འཕྱར། །དོམ་བུའི་ཐོད་པ་ཤར་དུ་འཕྱར། །སཱཙྪའི་ཡང་སྙིང་བཟླ་བར་བྱ། །གཙུག་ཏོར་དཀར་མོ་ཆོས་སུ་འདོན། །དབང་པོ་ཡན་ལག་མ་ཚང་བའི། །སྐྱེས་པ་བུད་མེད་གང་རུང་ལ། །ངན་དགུ་དུག་ཆུ་སྟེར་བ་དང་། །སྣང་བརྒྱད་འཇམ་དཔལ་ཆོས་སུ་འདོན། །༽ཞེས་གསུངས་འདུག |
| Domain | རྩིས་རིག |