100740
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བོན། སྤྱིའི་བཟང་ཟ་ནི། དུས་གསུམ་དུ་བྱོན་པའི་སྤང་རྟོགས་ཕུན་སུམ་ཚོགས་པའི་སངས་རྒྱས་ཏེ་འདས་པའི་སྟོན་པ་དང་། ད་ལྟའི་སྟོན་པ། མ་འོངས་པའི་སྟོན་པ་ལ་སོགས་བདེ་བར་གཤེགས་པ་ཐམས་ཅད་འབྱུང་བའི་ཡུམ་སྟེ་མྱང་འདས་བོན་གྱི་གྲོལ་གཞི་དང་། གཞན་འདོད་ཁམས་དང་། གཟུགས་ཁམས། གཟུགས་མེད་ཁམས་ལ་སོགས་ཐམས་ཅད་སྐྱེ་འགག་གནས་གསུམ་གྱི་རྟེན་གཞི་བྱེད་པའི་ཡུམ་ཞེས་བྱ་བ་ནི་དོན་གྱི་བཟང་ཟ་སྟེ། ཀུན་འབྱུང་ལས། སྤྱིར་བཟང་ཟ་བདེ་གཤེགས་ཐམས་ཅད་ཡུམ། །དུས་གསུམ་རྒྱུད་འཛིན་སངས་རྒྱས་ཡུམ། །ཁམས་གསུམ་འགྲོ་དྲུག་འདོད་འབྱུང་ཡུམ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |