100743
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྡུས་བརྗོད་ཀྱི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་འདོད་ཀྱི་དངོས་པོ་དེའི་རང་བཞིན་སྤྱི་ལ་བསམས་ནས། དེ་དང་ཆོས་མཚུངས་པའི་དཔེའི་དངོས་པོ་གཞན་ཞིག་གི་རང་བཞིན་བརྗོད་པ་ལ་བརྟེན་ནས། བརྗོད་འདོད་ཀྱི་ཡུལ་དེའི་རང་བཞིན་དངོས་དེ། དོན་གྱི་ཆོས་མཚུངས་ཀྱི་སྒོ་ནས་རྟོགས་པར་བྱེད་པའི་རྒྱན་ཞིག |
| Example | བོད་མཁས་པས། ཕུན་ཚོགས་འབྲས་བུའི་ཁུར་ལྡན་རབ་མཐོར་འཕགས། །གྲིབ་བསིལ་ཁོར་ཡུག་ཡངས་པའི་ལྗོན་པ་ཆེ། ། རིང་དུ་བཏང་ནས་ཤིང་སྐམ་ཡལ་ག་ལ། །འགའ་ཞིག་བསིལ་བའི་དངོས་པོར་རེ་བ་མཐོང་། །ཞེས་པ་ལྟ་བུའོ། ། |
| Domain | རྩོམ་རིག |