100750

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱིའི་སྡོམ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྤྱིའི་སྡོམ་ལྔ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ་དུ་ཕྱེ་བའི་དང་པོ་ལའང་། སྤྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ། ཆོས་སྡེ་ཉི་ཤུ་ཡོད་པ་ལས། དང་པོ་སྤྱིའི་སྡོམ་ལྔ་ནི། སྒྲུབ་པ་བཀའ་བརྒྱད་ཀྱི་བཀའ་བབས་ལས། སྤྱིའི་སྡོམ་ལྔ་ནི༔ གསང་སྔགས་ལུང་གི་བང་མཛོད༔ གསང་སྔགས་བཀའི་ཐ་རམ༔ གསང་སྔགས་ལུང་གི་ལྡེ་མིག༔ གསང་སྔགས་ལུང་གི་བཀའ་བསྒོ༔ མན་ངག་ལུང་གི་སྤྱི་ཆིངས་དང་ལྔའོ༔ ཞེས་གསུངས། འདི་ལ་རྩི་སྲོལ་མི་འདྲ་བར་སྣང་བ་ཕྱིའི་སྡོམ་ལྔར་གཟིགས། སྐབས་འདིར། གསང་སྔགས་ལུང་གི་བཀའ་བསྒོ། བཀའ་སྒོ། བཀའ་མགོ། བཀའ་འགོ་བཅས་འབྲི་སྲོལ་ཅི་རིགས་པར་སྣང་།
Domain ཆོས་ལུགས།