100759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱིར་འདུས་བྱས་ཀྱི་མིང་གི་རྣམ་གྲངས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདུས་བྱས་ཀྱི་མིང་གི་རྣམ་གྲངས་ཡོད་དེ། དུས་དང་། གཏམ་གྱི་གཞི་དང་། ངེས་པར་འབྱུང་བཅས་དང་། གཞི་དང་བཅས་པ་ཞེས་པ་རྣམས་དེའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། འདུས་བྱས་ལ་མིང་དེ་དང་དེས་བསྙད་པའི་རྒྱུ་མཚན་ཡོད་དེ། རིམ་པ་བཞིན་དུ་ཐལ་ཟིན་པ་དང་། འོང་རྒྱུ་དང་། སྐད་ཅིག་གཉིས་པར་མི་སྡོད་པ་སོགས་ཀྱིས་ཟ་བའི་དུས་ཡིན་པ་དང་། གཏམ་བཟང་ངན་ཕལ་ཆེར་འདིའི་སྟེང་ནས་འབྱུང་བ་དང་། ལྷག་མེད་མྱང་འདས་ཐོབ་པ་ན་འདི་ལས་ངེས་པར་འབྱུང་དགོས་པ་དང་། རང་ཉིད་འབྱུང་བའི་རྒྱུ་རྐྱེན་ལས་བྱུང་བས་དེ་ལྟར་བརྗོད་པའི་ཕྱིར། འདུས་བྱས་ཀྱིས་དོན་ཡང་ཡོད་དེ། རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པས་ན་འདུས་བྱས་ཞེས་བརྗོད་པའི་ཕྱིར་ཏེ། རང་འགྲེལ་ལས། རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་རྣམས་ཏེ། རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།