100760
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྱིར་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མ་ཞེས་པ་ནི། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་ཤ་བ་ལྟ་བུ་དེའི་སྤྱི་ཡལ་ག་ལོ་འདབ་དང་ལྡན་པ་ལྟ་བུ་རང་སྟོབས་ཀྱི་ངེས་ལ། དེ་ཡི་ཁྱད་པར་རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་ཤ་བ་ལྟ་བུ་ངེས་པ་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས་སྤྱིར་རང་ལས་ངེས་ཤིང་ཁྱད་པར་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞི་གཞག་པའི་ཚེ། དོན་ལ་ཤ་བ་ཡིན་ཤིང་། ཤ་བ་ཡིན་མིན་ལ་ཐེ་ཚོམ་ཟ་དུས་ཀྱི་ཡལ་ག་ལོ་འདབ་དང་བཅས་པ་འཛིན་པའི་ཤིང་འཛིན་དབང་མངོན་ལྟ་བུའོ། །ཞེས་གསུངས། |
| Domain | ཚད་མ། |