100770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོ་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མི་སྨྲ་བར་བྱ་བ་ནི། དེ་ལ་སྨྲ་བར་མི་བྱ། ཀུན་ཏུ་སྨྲ་བར་མི་བྱའོ། །ལུང་མི་སྟོན་པ་ནི། དེ་ལ་ལུང་བསྒོ་ཞིང་རྗེས་སུ་གཞན་ལ་མི་སྟོན་པའོ། །གཅིག་ཏུ་མི་སྤྱོད་པ་ནི། དེས་བསྙེན་བཀུར་བྱས་པ་བདག་གིར་མི་བྱའོ། །དགེ་བའི་ཕྱོགས་གཅད་པ་ནི། དེ་ལ་བཀླག་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་མི་བསྟན་པའོ། །གནས་བཅས་པ་སླར་བཤིག་པ་ནི། གནས་བཅར་མི་གཞུག་པའོ། །
Domain ཆོས་ལུགས།