100786

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ ལུས་ཀྱི་ལ་ནི། དེ་ལ་རེ་ཞིག་སོང་བ་དང༌། སྡོད་པ་དང༌། འདུག་པ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ལུས་ཀྱི་ལས་བསྟན་ཏོ། །༢ ངག་གི་ལས་ནི། སྨྲ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ངག་གི་ལས་བསྟན་ཏོ། །༣ ཡིད་ཀྱི་ལས་ནི། ཉལ་བ་དང༌། མི་སྨྲ་བ་དང༌། གཉིད་ཀྱིས་སྙོམ་པ་བསང་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཡིད་ཀྱི་ལས་བསྟན་ཏོ། །༤ ཉིན་མོའི་ལས་དང་། ༥ མཚན་མོའི་ལས་ནི། མི་ཉལ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་ཉིན་མོའི་ལས་དང༌། མཚན་མོའི་ལས་དང༌། ལུས་ཀྱི་ལས་དང༌། ངག་གི་ལས་ཀྱང་བསྟན་ཏོ། །ཉལ་བ་ཞེས་གང་གསུངས་པ་དེས་ནི་སྤྱོད་པ་དང་ལྡན་པའི་མཚན་མོའི་ལས་དང་ཡིད་ཀྱི་ལས་ཁོ་ན་ཡང་བསྟན་ཏོ། །
Domain ཆོས་ལུགས།

{{#arraymap:སྤྱོད་པ་དང་ལྡན་པའི་ལས་རྣམ་པ་ལྔ་

|; |@@@ | | }}