From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤྱོད་པ་ཡོངས་སུ་དག་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། སྡོམ་པ་གསུམ་ཡོངས་སུ་དག་པ། གནས་ཡོངས་སུ་དག་པ། ཤེས་པ་ཡོངས་སུ་དག་པ། སྐྱེ་བ་ཡོངས་སུ་དག་པའོ། །
|
| Domain
|
ཆོས་ལུགས།
|
སྤྱོད་པ་ཡོངས་སུ་དག་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྤྱོད་པ་ཡོངས་སུ་དག་པ། མངོན་པར་ཤེས་པ་བསྒྲུབ་པའི་སྤྱོད་པ་ཡོངས་སུ་དག་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་ཡོངས་སུ་དག་པའོ། །
|
སྤྱོད་པ་ཡོངས་སུ་དག་པ་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པ་ཞེས་བྱ་བའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། སེམས་ཅན་ཡོངས་སུ་དག་པ། ཆོས་ཡོངས་སུ་དག་པ། སྨོན་ལམ་ཡོངས་སུ་དག་པ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ། །
|