100814
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྡོམ་གསུམ། ས་སྐྱ། ས་རྣམས་བགྲོད་པར་བྱ་བ་དང། །ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། སྤྱོད་པ་སྤྱད་པའི་དགོས་པ་ནི་ནང་གི་ས་རྣམས་བགྲོད་པར་བྱ་བ་དང། ཕྱི་ནང་གི་པུ་ལླཱི་ར་མ་ལ་ཡ་ལ་སོགས་པའི་ཡུལ་རྣམས་དབང་དུ་བསྡུ་བའི་ཕྱིར་ཡིན་ཏེ། དེ་ཡང་ཕྱི་རོལ་པུ་ལླཱི་ར་མ་ལ་ཡ་ལ་སོགས་པའི་ཡུལ་བཞི་ན། ས་དང་པོ་ཐོབ་པའི་ཚུལ་བཟུང་བའི་མཁའ་འགྲོ་མ་གནས་པ་རྣམས་དབང་དུ་འདུས་པས། ནང་དུ་སྤྱི་བོ་ལ་སོགས་པའི་ཡུལ་བཞིའི་རླུང་སེམས་དབུ་མར་འདུས་པས། ས་དང་པོའི་རྟོགས་པ་སྐྱེ་བ་ལ་སོགས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། ནང་དུ་གནས་དང་ཉེ་བའི་གནས་ལ་སོགས་པའི་ས་རྣམས་བགྲོད་པར་བྱ་བ་དང། ཕྱི་རོལ་ཏུ་པུལླཱི་ར་མ་ལ་ཡ་སོགས་པའི་ཡུལ་ཆེན་རྣམས་ཀྱི་མཁའ་འགྲོ་དབང་དུ་བསྡུ་བའི་ཕྱིར་སྤྱོད་པ་བྱ་བ་ཡིན་ཏེ། དཔེར་ན་གནས་ཀྱི་ཡུལ་བཞིར་སྤྱོད་པ་བྱས་པས་ནང་གི་རྟོགས་པ་བོགས་དབྱུང་ནས། ནང་གི་ཡུལ་ཆེན་སྤྱི་བོ་སྤྱི་གཙུག་རྣ་བ་གཡས་ལྟག་པ་དང་བཞིིའི་རླུང་སེམས་དབུ་མར་ཐིམ་ཞིང། དེའི་མོད་ལ་ས་དང་པོའི་རྟོགས་པ་མངོན་དུ་གྱུར་ཏེ། ཕྱི་རོལ་གྱི་ཡུལ་ཆེན་པུལླཱི་ར་མ་ལ་ཡ་དང། ཛཱ་ལནྡྷ་ར་དང། ཨུ་རྒྱན་དང། ཨུརྦུ་ཏ་དང་བཞིའི་མཁའ་འགྲོ་རྣམས་དབང་དུ་འགྱུར་བ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྤྱོད་པ་སྤྱད་པའི་དགོས་པ་
|; |@@@ | | }}