100822
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཐེག་པ་འོག་མ་ལྟར་རྣམ་རྟོག་གཉིས་འཛིན་གྱི་ལྟ་བའི་སྒོ་ནས་བཟང་ངན་བླང་འདོར་དུ་སྤྱོད་པ་ལྟར་མ་ཡིན་པ་སྟེ། གསང་སྔགས་འདིའི་ལུགས་ལ་གཙང་དམེ་གཉིས་སུ་སོ་སོར་འདོར་ལེན་མི་དབྱེ་བ་གང་ཡང་མ་བཀག་པ་བླང་བྱར་སྤྱོད་པ་ལ་བཤད་དེ། འགུ་ཡ་ལས། གང་ཡང་འགག་པ་མེད་པ་རུ། །སྤྱོད་པ་གང་དུ་འཛིན་པ་མེད། །དེ་ནི་སྤྱོད་པའི་དམ་ཚིག་གོ ། ཞེས་པས། དེ་ཡང་ལྟ་དགོངས་ཟབ་མོའི་གདེངས་དང་བཅས་པས་གཙང་དམེ་གང་ལ་ཡང་འཇུག་སྟེ། འགོག་པ་མེད་པར་མཐུན་ཕྱོགས་སུ་སྤྱོད་ཅིང་གཙང་དམེ་གཉིས་འཛིན་གྱི་རྣམ་རྟོག་སེལ་ཞིང་སྤྱོད་པ་དེ་ལ་བྱའོ། ། |
| Domain | ཆོས་ལུགས། |