100829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་པའི་རབ་ཏུ་དབྱེ་བའི་གང་ཟག་རྣམ་པར་གཞག་པ་བདུན་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། གང་ཟག་འདོད་ཆགས་ཤས་ཆེ་བ་གང་ཡིན་པ་དེ་ནི་འདོད་ཆགས་སྤྱད་པ། གང་ཟག་ཞེ་སྡང་ཤས་ཆེ་བ་གང་ཡིན་པ་དེ་ནི་ཞེ་སྡང་སྤྱད་པ། གང་ཟག་གཏི་མུག་ཤས་ཆེ་བ་གང་ཡིན་པ་དེ་ནི་གཏི་མུག་སྤྱད་པ། གང་ཟག་ང་རྒྱལ་ཤས་ཆེ་བ་གང་ཡིན་པ་དེ་ནི་ང་རྒྱལ་སྤྱད་པ། གང་ཟག་རྣམ་པར་རྟོག་པ་ཤས་ཆེ་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་སྤྱད་པ། གང་ཟག་ཆ་མཉམ་པར་གྱུར་པ་གང་ཡིན་པ་དེ་ནི་ཆ་མཉམ་པར་སྤྱོད་པའོ། །གང་ཟག་ཉོན་མོངས་པ་ཆུང་བའི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པ་ཆུང་བ་སྤྱད་པར་རིག་པར་བྱའོ། །
Domain ཆོས་ལུགས།