100832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་པའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། སྤྱོད་རྒྱུད། ཇོ་ནང་། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱུད་སྡེའི་སྤྱི་རྣམ་ལས། སྤྱོད་རྒྱུད་དུ་བདག་མདུན་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། ཞེས་དང་། ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་གྱི་ཐ་སྙད་དོན་མཐུན་དུ་མི་འཇུག་པ་དང༌། སྦྱང་གཞིའི་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་སྒོམ་པ་ཡང་མེད་དོ། །ཞེས་དང་། ཕྱི་ནང་གི་བྱ་བ་གཉིས་ཆ་མཉམ་དུ་སྤྱོད་པས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དང༌། ཞེས་གསུངས་སོ། །
Domain ཆོས་ལུགས།
སྤྱོད་པའི་རྒྱུད་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྙིང་མ། སྤྱོད་པའི་རྒྱུད་ནི། ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་སྤྱོད་རྒྱུད་དམ། ཨུ་པ་ཡའི་ཐེག་པ་སྟེ། སྤྱོད་རྒྱུད་ཀྱི་ཐེག་པའི་སྐབས་སུ་གཟིགས།