10086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུར་ལྷ་འབུམ་དགོན་ (1)
Part of speech མིང་ཚིག
Definition དགོན་གནས་གཞན་རྣམས་གཅིག་ཏུ་བསྡོམས་ནས་ཡུལ་དེའི་དཀྱིལ་ལྷ་འབང་ཞེས་པའི་སར་བཏབ་ཅེས་བཤད་སྲོལ་གཅིག་དང་། ལྕགས་མདུད་རྡོ་རྒྱལ་པས་དགོན་པ་ཐོག་མར་བཏབ་ཅེས་བཤད་སྲོལ་གཉིས་འདུག བར་ལམ་རབ་བྱུང་བཅུ་གཉིས་པ་ཙམ་ལ་ལྕགས་མདུད་གཟུར་པ་ལ་ཟེར་ཚང་གིས་དབོན་པོ་བླ་མ་ལྷུན་གྲུབ་བཀྲ་ཤིས་ཀྱིས་ཡོན་བདག་བྱས་ནས་ཟེ་ཆེན་རྒྱལ་ཚབ་གཉིས་པ་པདྨ་གསང་སྔགས་བསྟན་འཛིན་ལ་ཨོ་རྒྱན་ཆེན་པོ་ལུང་བསྟན་པའི་གནས་གཟུར་ལྷ་འབུམ་གསང་སྔགས་ཆོས་གླིང་དང་། དགོན་རིག་འཛིན་མཁའ་སྤྱོད་གླིང་། སིབ་དགོན་བདེ་ཆེན་གླིང་། འཇུ་མོ་ཧོར་གསང་སྔགས་དགོན་བཅས་བཞི་བཏབ་པའི་ནང་ཚན། འདིར་ལུང་བསྟན་ལྟར་དབོན་པོ་བསོད་ནམས་ནོར་བུ་ཁོང་གཉིས་ཀྱིས་འདུ་ཁང་འོག་མ་དེ་བཞེངས། དགེ་རྩེ་པཎ་ཆེན་དང་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་སོགས་བྱོན་ནས་མཚན་གསོལ། ཚེས་བཅུ་དང་དགུ་གཏོར་བཅས་དུས་མཆོད་བཙུགས། དེ་རྗེས་དབོན་ཨ་ཚང་དང་བླ་མ་བསྟན་འཛིན་བཀྲ་ཤིས་གཉིས་ཀྱི་རིང་ལ་མཚོ་ཕུ་སྒྲུབ་ཆེན་དང་། རྡོར་ལོ་གཉིས་གདན་དྲངས། དེ་ཡང་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་སྲོང་བཙན་དཔལ་གྱི་རྡོ་རྗེའམ། རིག་འཛིན་དཔལ་ལྡན་བཟང་པོ་ནི་ཤིང་སྟག་ལོར་སྐུ་འཁྲུངས། ཀྲང་མཚོ་ཕུ་དགོན་གྱི་གསེར་ཁྲིར་བཀོད། བསྟན་པའི་བདག་པོར་མངའ་གསོལ། དེའི་སྐུ་མཆེད་གུ་རུ་པདྨའི་ཐུགས་སྲས་རྡོ་རྗེ་བདུད་འདུལ་ཆུ་ཕག་ལོར་སྐུ་འཁྲུངས། ཚ་ཉག་བླ་མ་དམ་པ་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང་། མི་ཉག་སེང་གེ་དགོན་དུ་བཞུགས། ཀཿཐོག་གྲྭ་སར་བྱོན། པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོའི་ཡང་སྤྲུལ་འཇིགས་མེད་ཡོན་ཏན་མགོན་པོ་རྩ་བའི་བླ་མར་བསྟེན། བཀའ་གཏེར་གྱི་སྨིན་གྲོལ་རྒྱ་ཆེར་གསན། ལྕགས་ལའི་དབུ་བླ་མཛད། རྡོར་ལོ་སྐུ་ཚེ་དེ་ཉིད་དུ་བཞུགས་ནས་ཁྲོ་ཟུར་གཏེར་ཆེན་ཡབ་སྲས་ཀྱི་ཆོས་སྐོར་སྨིན་གྲོལ་རྒྱ་ཆེར་གནང་། གཏེར་མཚན་བདུད་འདུལ་འཇའ་ཚོན་གླིང་པར་གྲགས། ཁྲོ་ཟུར་གྱིས་དགོན་ལག་མཛད། སྔ་ཕྱིར་ཀཿཐོག་དྲི་མེད་ཞིང་སྐྱོང་། དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ། ཀུན་བཟང་ངེས་དོན་དབང་པོ། རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་བྱོན་ནས་རབ་གནས་དང་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་གནང་། སྔོན་ཟེ་ཆེན་དང་། རྗེས་ཀཿཐོག་པའི་དགོན་ལག་དང་གྲྭ་པ་ཆོས་རྒྱུན་ཕྱོགས་གཉིས་ལ་བྱོན་སྲོལ་ཡོད།

{{#arraymap:གཟུར་ལྷ་འབུམ་དགོན་

|; |@@@ | | }}