100863

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྱོད་རྒྱུད་ཀྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། སྤྱོད་རྒྱུད་ཀྱི་ཉམས་ལེན་ནི། སྤྱོད་པ་གསུམ་པོ་ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། ཁྱད་པར་ནི་འཇུག་པའི་སྤྱོད་པའི་སྐབས་སུ་ཆུ་དང་ཅོད་པན་གྱི་དབང་གཉིས་ཀྱི་སྟེང་དུ་རྡོ་རྗེ་དང། དྲིལ་བུ་དང། མིང་གི་དབང་གསུམ་སྟེ། ལྔ་ཡོད་པར་རྒྱུད་སྡེ་གོང་མ་ལས་གསུངས་སོ། །ཞེས་དང། ཡི་གེ་དང་པོ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་བསྒོམས་ནས། དེའི་རྗེས་ལ་ཡི་གེ་གཉིས་པ་སྔགས་ཀྱི་སྒྲར་ལྡང། དེ་ལས་གཞི་དང་པོར་རང་ཉིད་སངས་རྒྱས་ཀྱི་སྐུར་བསྐྱེད་ལ། དེ་སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབས། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་སངས་རྒྱས་ཀྱི་སྐུ་བསྐྱེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཟླས་པར་བྱ་བའི་སྔགས་ཀྱི་ཕྲེང་བ་བཀོད་ནས། དེ་ཏིང་ངེ་འཛིན་བརྟན་པར་བྱེད་པའོ། །སྒྲུབ་པའི་སྤྱོད་པའི་སྐབས་སུ་མེ་གནས་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ཀ་ཡང་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་ནས་བསྒོམ་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། ། རྣམ་སྣང་མངོན་བྱང་དང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་སྤྱོད་པའི་རྒྱུད་དུ་མདུན་གྱི་བྲིས་སྐུ་དང། རང་ཉིད་གཉིས་ཀ་ཡི་དམ་གྱི་ལྷར་བསྒོམས་ནས་ལྷ་གྲོགས་པོ་ལྟ་བུའི་ཚུལ་དུ་དངོས་གྲུབ་ལེན་པ་ཡིན་ཏེ། མདུན་གྱི་རས་བྲིས་དང་རང་ཉིད་གཉིས་ཀ་ལྷར་གསལ་བའི་རྒྱུ་མཚན་གྱིས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།