From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྤྱོད་རྒྱུད་ཀྱི་ཐེག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། སྔགས་རྙིང་མའི་ཐེག་པ་རིམ་དགུའི་ཡ་གྱལ་ཞིག་སྟེ། འཇུག་སྒོ་རིག་པའི་དབང་ལྔས་སྨིན་པར་བྱས་ནས། ལྟ་བ་རྣལ་འབྱོར་རྒྱུད་དང་འདྲ་ཞིང༌། སྒོམ་པ་མཚན་བཅས་བཟླས་པ་ཡན་ལག་བཞི་དང༌། མཚན་མེད་འཇུག་གནས་ལྡང་གསུམ་གྱིས་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་ནས། སྤྱོད་པ་བྱ་རྒྱུད་དང་འདྲ་ལ། འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །
|
| Domain
|
ཆོས་ལུགས།
|
སྤྱོད་རྒྱུད་ཀྱི་ཐེག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སྤྱོད་རྒྱུད་ཀྱི་ཐེག་པ་ནི། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་ཡ་གྱལ་ལས་གཉིས་པ་སྟེ། འདི་ལ་ཨུ་པ་ཡའི་ཐེག་པ་དང་། ཨུ་པ་ཡོ་ག་དང་། གཉིས་ཀའི་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱ་ཞིང་། འདིའི་འཇུག་སྒོ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་ནི། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། སྤྱོད་རྒྱུད་ཀྱི་འཇུག་སྒོ་རིག་པའི་དབང་ལྔས་སྨིན་པར་བྱས་ནས། ལྟ་བ་རྣལ་འབྱོར་གྱི་རྒྱུད་དང་འདྲ་ཞིང་། སྒོམ་པ་ནི་རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡམས་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར། ཡི་གེ་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་དེའི་སྣང་ཆ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་དཀྱིལ་སྒོམ་པ་དང་། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་དང་བཅས་པ་སྒོམ། དེ་ཐམས་ཅད་ལས་གཞིའི་ཡན་ལག་དང་པོ་བདག་ཉིད་ལྷར་བསྐྱེད། དེ་ནས་གཞིའི་ཡན་ལག་གཉིས་པ་མདུན་བསྐྱེད་བསྒོམས་ནས་སྤུན་གྲོགས་ཀྱི་ཚུལ་དུ་དངོས་གྲུབ་སྒྲུབ་པ་མཚན་བཅས་དང་། ཕུང་སོགས་ཀྱི་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་དེ་སྐྱེ་མེད་དུ་རྟོགས་པ་ལ་འཇུག་པ་དང་། མི་རྟོག་པའི་ངོ་བོ་མངོན་དུ་གྱུར་པ་གནས་པ་དང་། དེ་ལས་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་ལྷག་པར་འཇུག་པ་ནི་ལྡང་བ་སྟེ། འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་མཚན་མེད་ཀྱི་རྣལ་འབྱོར་རོ། །སྤྱོད་པ་ནི་བྱ་རྒྱུད་དང་འདྲ་ལ། དེ་ལྟར་བསྒྲུབས་པས་འབྲས་བུ་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དོ། །ཞེས་གསུངས།
|