100892
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཤིང་རྒྱུ་འདྲ་བ་ཕྲ་ལ་རིང་བར་རྩ་ཕྲན་མང་བ་དང༌། ལོ་མ་སྔོ་སྐྱ་ཅུང་ཟད་མཐུག་པ་རལ་གྲིའི་དབྱིབས་ལ་སྤུ་དཀར་འཇམ་པོས་ཁྱབ་པ། མཐའ་མཉམ་རྩེ་རྣོ་ལ་ངར་པ་ཐུང་བ་གཞི་རྩ་ནས་མཉམ་དུ་སྐྱེས་ཡོད། སྡོང་པོ་ཕྲ་ལ་འདྲོང་བ་བཞི་ལྔ་ཙམ་སྐྱེ་བར་ཡལ་ག་མེད་པ་གཞི་རྩའི་ལོ་མ་རྣམས་ཀྱི་དབུས་ནས་སྐྱེ་ཞིང༌། སྡོང་པོའི་ངོས་སུ་ལོ་ཆུང་རེས་མོས་སུ་སྐྱེ་བ། མེ་ཏོག་དཀར་སྐྱ་སྡོང་པོའི་རྩེར་གདུགས་མང་མེ་ཏོག་འཆར་བ། སྟོན་དུས་འབྲས་ཞིབ་སྤུ་ཕྲུ་ཅན་འདོགས་པ། ལོ་མ་བཅད་ན་སྲིང་བར་འདྲ་བའི་བལ་རྒྱུ་སྣ་རིང་ཡོད་པ་སྟེ། བོད་ཀྱི་ས་ཁུལ་ཚང་མའི་རི་ལྡེབས་ཀྱི་སྤང་དང༌། བྲག་གསེབ། རི་མ་ཐང་སོགས་གང་སར་སྐྱེ་བ། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་རིམས་ཀྱི་ནད་དང༌། རྡོ་ལ་སྦྱར་བའི་རྡོ་དུག་ཕོག་པ། རྨེན་བུའི་ནད། ཁྲག་ཤོར་བ་སོགས་ལ་ཕན། ལོ་མས་མེ་བཙའི་སྤྲ་བ་བཟོ་བའོ། ། |
{{#arraymap:སྤྲ་བ་
|; |@@@ | | }}