100893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲ་བཟང་ (1)
Part of speech མིང་ཚིག
Definition སྤྲ་བཟང་ཟིལ་པ་སྟེ། ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་པོ་སྙུང་རིལ་དབྱིབས་ཕྲ་ཞིང་རིང་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། ལོ་མ་ལྗང་ལ་སིབ་པ་སྐྱེ་རིམ་གསུམ་གྱི་སྒྲོ་དབྱིབས་མང་ལ། ངར་བ་རིང་བ་གཞི་རྩ་ནས་པདྨའི་དབྱིབས་ལྟར་སྐྱེ་བའི་དབུས་ནས་སྡོང་པོ་སྔོ་ལྗང་ཕྲ་ལ་རིང་བ་ཁ་ཤས་དོན་ཏེ་དེ་ལས་ཡལ་ག་གྱེས་ཤིང་ས་ལ་འབྱར་ནས་སྐྱེ་བ། སྡོང་པོ་སྐྱེས་པའི་ལོ་མ་རྣམས་ཁ་སྤྲོད་དུ་སྐྱེ་ཞིང་ངར་བ་ཐུང་བ་དང་། མེ་ཏོག་དཀར་ཆུང་འདབ་མང་སྡོང་པོ་དང་ཡལ་གའི་རྩེར་འཆར་བ། གང་བུ་ཕྲ་ལ་རིང་བའི་བར་མཚམས་སུ་ཉག་ག་ཡོད་པའི་ནང་འབྲུ་གུ་དཀར་པོ་ཞིབ་ཅིང་མང་བ་དབྱིབས་མོན་སྲན་འདྲ་བ་ཡོད།

{{#arraymap:སྤྲ་བཟང་

|; |@@@ | | }}