100942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲིན་གྱི་ཕོ་ཉ་ (1)
Part of speech མིང་ཚིག
Definition སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་ནི་ཚིགས་བཅད་སྙན་ངག་གི་བརྩམས་ཆོས་ཤིག་སྟེ། རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་ནག་མོ་ཁོལ་གྱིས་མཛད། ཁ་ཆེའི་པཎྜི་ཏ་སྙན་ངག་མཁན་ཆེན་པོ་སུ་མ་ན་ཤྲཱི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་རྩེ་མོ་དང༌། ལོ་ཙཱ་བར་གཏོགས་པ་ལུང་རིགས་སྨྲ་བ་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདི་ལ་བོ་དོང་པཎ་ཆེན་གྱིས་སྤྲིན་གྱི་ཕོ་ཉའི་དམར་མཆན་ཞིག་མཛད་ཡོད་ཅིང་། དུས་ཕྱིས་སུའང་དོར་ཞི་གདོང་དྲུག་སྙེམས་བློ་དང་རཀ་ར་ཐུབ་བསྟན་ཆོས་དར་གཉིས་ཀྱིས་ཀྱང་ཚིག་འགྲེལ་རེ་བརྩམས་གནང་ཡོད།

{{#arraymap:སྤྲིན་གྱི་ཕོ་ཉ་

|; |@@@ | | }}