101017
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་སྦོམ་ལ་རིང་ཞིང་རྩ་ཕྲན་མང་ལ་དྲི་ངད་འཐུལ་བ་དང༌། སྡོང་པོ་ལྗང་ནག་ཁོང་སྟོད་འདྲོང་ལ་ཚིགས་པ་ཡོད་པ། ལོ་མ་ལྗང་ནག་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོ་ཡིན་ཞིང༌། ལོ་ལྷེབ་རེ་རེའི་དབྱིབས་མདུང་རྩེ་འདྲ་བའི་མཐར་ཉག་ག་སོག་ལེའི་སོ་ལྟར་ཡོད་པ། མེ་ཏོག་དཀར་པོ་ཆུང་ཞིང་མང་ལ་གདུགས་དབྱིབས་མེ་ཏོག་བང་རིམ་ལྡན་པ་སྡོང་པོའི་རྩེ་དང་སྟོད་ཆའི་ལོ་མའི་མཚམས་ནས་ཤར་ཞིང༌། འབྲས་བུ་སེར་ནག་གམ་ལྗང་ནག་གོ་འབྲུ་འདྲ་བ་འདོགས་པ་སྟེ། བོད་ཀྱི་ས་ཁུལ་མང་པོར་སྐྱེ་ཞིང་། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པས་གག་ལྷོག་སོགས་གཉན་རིམས་ཀྱི་ནད་རིགས་དང༌། ཡ་སྲིན་ཀྱི་ནད། སོ་ན་བ། རྩ་ནས་ཁྲག་ཤོར་བ། མཛེ་ནད། བཤང་གཅི་འགགས་པ་སོགས་ལ་ཕན་པའོ། ། |