101021

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྤྲུ་སྐྱ་ (1)
Part of speech མིང་ཚིག
Definition སྤྲུ་དཀར་ལ་སྤྲུ་སྐྱ་ཡང་ཟེར་བ་སྟེ། འདི་ནི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སྦོམ་ལ་རིང་བའི་སྨད་ཆར་རྩ་ཕྲན་ཁ་ཤས་གྱེས་ཤིང་རྩ་བའི་ཕྱི་ལྤགས་སེར་སྐྱ་ནང་དཀར་ལ་སོབ་པ་དང་སྡོང་པོ་ལྗང་སྐྱ་ཁོང་སྟོང་འདྲོང་ལ་རིང་བར་ཚིགས་པ་ཅན་སྤུ་དཀར་མང་ཞིང༌། ཚིགས་པ་ནས་ཡལ་ག་ཕྱོགས་སུ་གྱེས་ཤིང་ལོ་སྡོང་ཡོངས་ལ་དྲི་ངན་འཐུལ་བ། ལོ་མ་ལྗང་སྐྱ་རྒྱབ་ཐལ་སྐྱ་མདོག་ལ་སྤུ་མཐུག་པོ་ཡོད། ངར་པ་རིང་ལ་འབྲས་བུ་ལེབ་པ་བྱུང༌། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་སྙོམས་པ་གཉན་ཚད་དང་ཁྲག་ཤོར་བ། ཟུག་གཟེར་སོགས་ལ་ཕན།