101032
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཅིར་ཡང་སྤྲུལ་པའི་སྐུའི་ཕྱག་རྒྱ་ཉེར་ལྔའི་ནང་ཚན་གྲངས་གནས་བཞི་པ་དེ་ཡིན་ལ། དེ་ཡང་གཞན་སྣང་དུ་ཤར་བའི་སྤྲུལ་སྐུའི་འགྲོ་འདུལ་ཕྲིན་ལས་ཀྱི་ལྡོག་ཆ་ལས་ཕྱེ་བ་སྟེ། གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དོན་ལ་བརྣག་པ་བསྐྱེད་མི་སྲིད། །སྣང་བསྒྱུར་དགོངས་ན་(ནས་)ཆ་ལུགས་ཁྲོས། །སྤྲུལ་པ་ཁྲོ་བོའི་ཕྱག་རྒྱ་ཡིན། །ཞེས་གསུངས་པས། དེའི་ཚིག་དོན་ནི། སྤྲུལ་པའི་སྐུ་དེ་བྱམས་དང་བརྩེ་བའི་བདག་ཉིད་ཅན་ཡིན་པས་གཞན་གྱིས་གནོད་པར་བརྩམས་པའི་དོན་དེར་སླར་མངན་སེམས་སོགས་ཀྱིས་ཐུགས་ལ་བརྣག་སེམས་བསྐྱེད་པ་མི་སྲིད་ཀྱང་། བསྟན་འགྲོའི་དོན་ལ་འཚེ་བའི་སྐྱེ་བོ་དྲེགས་ཅན་འགའ་ཞིག་གི་མ་རུང་བའི་སྣང་ཞེན་བསྒྱུར་བའི་ཐབས་སུ་དགོངས་ནས་སྐུ་དང་ཆ་ལུགས་ཀྱི་རྣམ་པ་ཁྲོས་ཚུལ་གྱི་ཐབས་སྟོན་པར་མཛད་པའི་དོན་ནོ། ། |
| Domain | ཆོས་ལུགས། |